[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་སློབ་ཆེན་གྱི“རིག་ཚན་རྩེར་སོན་གྱི་ཐོན་སློབ་ཞིབ་གསུམ་རྟེན་གཞིའི”སྒོ་བྱང་བཀལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཉེ་ཆར་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་ཐེན་ཚི་ཡོན་ཁེ་ལས་ཚད་ཡོད་ཀུང་སིས“རིག་ཚན་རྩེར་སོན་གྱི་ཐོན་སློབ་ཞིབ་གསུམ་རྟེན་གཞིའི”གན་རྒྱ་འཇོག་པའི་མཛད་སྒོ་དང་དེ་བཞིན་སྒོ་བྱང་འགེལ་བའི་མཛད་སྒོ་བོད་ལྗོངས་ཐེན་ཚི་ཡོན་ཁེ་ལས་ཚད་ཡོད་ཀུང་སིའི་རྟེན་གཞིར་འཚོགས་པ་རེད།

    ད་རེས་ཀྱི་གན་འཇོག་མཛད་སྒོ་བརྒྱུད། བོད་ལྗོངས་ཐེན་ཚི་ཡོན་ཁེ་ལས་ཚད་ཡོད་ཀུང་སི་དེ་ཉིད་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཐོན་སློབ་ཞིབ་གསུམ་གྱི་རྟེན་གཞི་དང་པོར་གྱུར་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་འགན་ཁུར་བས། བོད་ལྗོངས་སློབ་ཆེན་དང་དེ་བཞིན་བོད་ལྗོངས་ཐེན་ཚི་ཡོན་ཁེ་ལས་ཚད་ཡོད་ཀུང་སིས“རིག་ཚན་རྩེར་སོན་གྱི་ཐོན་སློབ་ཞིབ་གསུམ་རྟེན་གཞི”བཙུགས་ཏེ། སློབ་གསོའི་ཚན་ཞིབ་དང་ཁེ་ལས་མཉམ་ལས་དམ་ཟབ་བྱེད་པའི་གསར་གཏོད་བྱེད་ཐབས་ཤིག་བཏོད་ཡོད། སླད་ཕྱིན་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། འབྲེལ་ཡོད་ཐོན་ལས་ཀྱི་ལག་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། འབྲེལ་ཡོད་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་མགྱོགས་པོ་བྱེད་པ། རྒྱལ་ཕྱི་རྒྱལ་ནང་གི་ཁྲོམ་རའི་ཁྲོད་ཀྱི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། གསར་གཏོད་རྣམ་པའི་ཚན་ཞིབ་ལྟེ་གནས་མུ་མཐུད་འཛུགས་མགྱོགས་སུ་གཏོང་བ་བཅས་ཀྱི་སྒོ་ནས་སྟོད་ལུང་བདེ་ཆེན་ཆུས་གསར་གཏོད་ཡར་སྐུལ་དང་ནང་སྐྱེས་སྟོབས་ཤུགས་འཕེལ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།