[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དགེ་སློབ་ཚང་མས་མཉམ་དུ་སློབ་གསོ་དང་ལེན་བྱས་ནས་ལག་ལེན་བསྟར་བ།

    —— མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-08

    རྟ་མགྲིན་སྲི་ཐར་སློབ་སྦྱོང་ཡག་པོ་མེད་པས། འཛིན་གྲྭའི་ནང་གི་སྦྱངས་འབྲས་ལེགས་པའི་སློབ་ཕྲུག་ཚོས་རང་འགུལ་ངང་ཁོ་པར་ཟུར་ཁྲིད་བྱེད་ཀྱི་ཡོད།

    སློབ་གྲྭའི་ནང་དུ་གད་སྙིགས་ཐོན་ཚེ། དགེ་རྒན་དང་སློབ་ཕྲུག་ཚོས་རང་འགུལ་ངང་སྒྲུག་ནས་གད་སྙིགས་བླུགས་སྒམ་དུ་བླུག་གི་ཡོད།

    དགེ་རྒན་གྱི་དཔུང་ཁག་སྔར་བས་བརྟན་པོ་བྱུང་ཞིང་། ལས་གནས་སྤོ་བའམ་ལས་གནས་ནས་ཕྱིར་འབུད་པའི་དགེ་རྒན་ཡང་ཇེ་ཉུང་དུ་ཕྱིན་ཏེ། སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ལོ་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    འདི་དག་ཚང་མ་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་དོན་འཁྱོལ་བྱས་པ་ལས་བྱུང་བ་ཞིག་རེད།

    “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བར་ང་ཚོ་རྗེས་སུ་གཏན་ནས་མི་ལུས”ཞེས་སློབ་སྤྱི་ཚེ་རིང་བདེ་སྐྱིད་ཀྱིས་བརྗོད་པ་དང་། ཟླ་6པའི་ཟླ་མཇུག་བར། 2019ལོའི་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲིལ་བསྒྲགས་བྱེད་སྒོ་ཁྱོན་ཐེངས་18སྤེལ་བར། ཐད་ཀར་སློབ་གསོ་ཐེབས་པའི་དགེ་སློབ་དང་ཁྱིམ་བདག་མི་ཐེངས་5331ཟིན་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཆ་འཕྲིན་གནད་བསྡུས་39བྲིས་ཡོད་པ་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། སློབ་གྲྭས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུའི་ཐོག་ཁྱིམ་བདག་གདན་དྲངས་ནས། ཁྱིམ་བདག་སྔར་བས་མང་པོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་རྒྱུས་མངའ་ལོན་དུ་བཅུག་སྟེ། དཔེ་ཁྲིད་མི་སྐྱོང་གི་དགེ་མཚན་ལྡན་པའི་ནུས་པ་དངོས་འབྲེལ་འདོན་སྤེལ་བྱས་པ་རེད།

    སློབ་གྲྭས་ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རིག་རྩལ་འཁྲབ་སྟོན་ཡང་གཉེར་བ་དང་། སློབ་མའི་གཏམ་བཤད་འགྲན་བསྡུར་དང་། མི་སྒེར་གྱི་གཙང་སྦྲ་དཔྱད་བསྡུར། སློབ་རར་བཅའ་ཁྲིམས་སྤེལ་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། སློབ་ཕྲུག་ཚོར་ཆུང་དུས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྐལ་བ་བཟང་པོར་གཅེས་སྤྲས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ནས་འཇོན་ཐང་ལྡན་པའི་མི་ཞིག་བྱས་ཐོག་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུའི་སེམས་ཐག་བཅད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལོན་པའི་འཛུགས་སྐྲུན་པ་དང་བློ་གཏད་ཆོག་པའི་རྒྱུན་འཛིན་པ་ཞིག་བྱ་རྒྱུའི་སློབ་གསོ་བཏང་བ་རེད།

    སློབ་ཕྲུག་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ལོ་ཆུང་གཞོན་ནུ་ཡག་པོ་ཞིག་བྱ་རྒྱུའི་སློབ་གསོ་བཏང་བ་ཕུད། མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གིས་ད་དུང་དགེ་རྒན་དཔུང་ཁག་ཁྲོད་དུ་ཡང་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་རེད། སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཆོས་རྒྱལ་གྱིས“ལོ་ཁ་ཤས་གོང་། ང་ཚོའི་སློབ་གྲྭའི་དགེ་རྒན་མང་པོ་ཞིག་ལས་གནས་སྤོས་པས་དགེ་རྒན་དཔུང་ཁག་བརྟན་པོ་མ་བྱུང་བར་སློབ་གསོའི་སྤུས་ཚད་ལ་ཡང་ཤུགས་རྐྱེན་ཐེབས་ཡོད” དེར་བརྟེན་སློབ་གྲྭས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། དགེ་རྒན་དཔུང་ཁག་ལ་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད་ཅེས་བརྗོད་པ་རེད།

    “ང་ཚོས་གཟའ་འཁོར་རེར་འཆར་ཅན་ཚོགས་འདུ་འཚོགས་ནས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ནང་དོན་སློབ་སྦྱོང་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཟླ་བ་རེར་དགེ་རྒན་སྒྲིག་འཛུགས་བྱས་ནས་སྐུལ་ལྕག་རང་བཞིན་གྱི་གློག་བརྙན་ལྟ་གི་ཡོད་པ་དང་། ལྷག་པར་དུ‘སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ’ལས་སྟེགས་བེད་སྤྱད་དེ་སློབ་སྦྱོང་བྱེད་ཀྱི་ཡོད། ང་ཚོའི་སློབ་གྲྭའི་དགེ་རྒན་གྱི་སློབ་སྦྱོང་བྱེད་ཚད་མཚོ་གཉིས་རྫོང་ཡོངས་ཀྱི་མཐོ་ཤོས་ཡིན། རྫོང་ཡོངས་ཀྱི་སློབ་སྦྱོང་སྐར་གྲངས་མཐོ་ཤོས་བཅུ་ཚང་མ་ང་ཚོའི་སློབ་གྲྭའི་དགེ་རྒན་རེད”ཅེས་བསྟན་འཛིན་ཆོས་རྒྱལ་གྱིས་བརྗོད།

    བསྟན་འཛིན་ཆོས་རྒྱལ་གྱིས། སློབ་གྲྭས་དགེ་རྒན་དཔུང་ཁག་གི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། དགེ་རྒན་ཚོར་ལས་བཟོའི་ཉལ་ཁང་བཀོད་སྒྲིག་བྱས་པ་དང་ཁྱིམ་ཆས་ཀྱང་ཉོས་ནས། ཁོང་ཚོའི་འཚོ་བའི་ཐད་ཀྱི་སེམས་ཁྲལ་བསལ་ཡོད། སྤྱི་ཚོགས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་རྗེས་དགེ་རྒན་གྱི་སློབ་ཁྲིད་གྲུབ་འབྲས་ལ་སྐུལ་ལྕག་གཏོང་རྒྱུའི་ཐད་མ་དངུལ་སྔར་བས་མང་པོ་བཏང་སྟེ། དགེ་རྒན་ཚོའི་སློབ་ཁྲིད་ཀྱི་བརྩོན་སེམས་འཕེལ་བར་བྱས་ནས། སློབ་གྲྭ་སྤྱི་ཡོངས་ཀྱི་སློབ་ཁྲིད་གྲུབ་འབྲས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསར་འགོད་པར་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།