[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས།

    ​ ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

     2017ལོའི་ཟླ་3པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ཐོན་ཁུངས་དང་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་བདེ་ཐང་སློབ་གསོ་གཙོ་བོར་བྱེད་པ་དང་འགོག་བཅོས་དང་ཟུང་འབྲེལ་བྱ་རྒྱུ་ཕལ་པར་བྱེད་པའི་ལས་ཀའི་ཐབས་ཇུས་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།

    ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་དོན་ནང་ཞུགས་ཚུན། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་དོན་དང་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར། མཉམ་དུ་དཔྱད་ཞིབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་རྗེས། རིམ་ཁག་རྨང་བརྟན་དམངས་ཕན་གཞུང་ལས་ཁང་དང་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ལས་ཀའི་འཆར་གཞི་ཞིབ་ཕྲ་བཟོས་པ་དང་། “གཅིག་རེ་ལྔའི”ལས་ཀའི་ལམ་ལུགས་བཙུཌ་པ། ལས་ཀའི་འགན་འཁྲི་དང་དམིཌ་ཚད་ལས་འགན་ཁ་གསལ་བཟོས་པ་བཅས་བྱས་ཏེ་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་དོན་གྱི་དམིཌ་ཚད་འགན་འཁྲིའི་ཡི་གེར་རིམ་པ་བཞིན་མིང་རྟཌ་བཀོད་པས་ལས་ཀའི་མཉམ་ཤུགས་ཆགས་ཐུབ་ཡོད།

    ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གཞིར་བཟུང་། རིམ་ཁག་རྨང་བརྟན་དམངས་ཕན་གཞུང་ལས་ཁང་དང་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མིར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་འགོག་ཚོད་འཛིན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཁྱེར་ཡོངས་རིམ་གསུམ་རྨང་བརྟན་དམངས་ཕན་གཞུང་ལས་ཁང་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན། ཞིང་འབྲོག་སོགས་སྡེ་ཚན་དང་མཉམ་དུ་རང་འགུལ་ངང་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཡག་པོ་བསྒྲུབས་པ་རེད། མང་ཚོགས་སྒྲིག་འཛུགས་བྱས་ནས་གྲལ་བཤེར་དང་། ཆ་འཕྲིན་དུས་ཐོག་ཏུ་ཕབ་འཇུག ཡིག་ཚགས་ནང་ནན་ཏན་ངང་འཇུག་པ། “དུད་ཚང་རེར་རེའུ་མིག་རེ་དང་ཐོ་འགོད་རེའི”ལམ་ལུགས་ལག་བསྟར་བཅས་བྱས་ནས་གྲལ་བཤེར་ལས་དོན་གྲོང་ཚོ་ཚང་མ་དང་དུད་ཚང་ཀུན་གྱི་མི་ཚང་མར་ཁྱབ་པར་བྱས་ཡོད།

    གཞན་ཡང་། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་ལྷན)ཁག་དང་མཐུན་སྦྱོར་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་རུ་ཁག་བཙུགས་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་ནང་གི་གཙང་མ་མེད་པའི་ས་ཆར་གཙང་སེལ་བྱས་པ་དང་། ཆུ་འགོ་ཁུལ་གྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་པ། ཆུ་དོ་དམ་མི་སྣ་དང་རྩྭ་ཐང་ལྟ་སྐུལ་བར་ཆུ་འགོ་ཁུལ་དང་རྩྭ་རའི་འཕྲོད་བསྟེན་ལ་སྐོར་བཤེར་བྱེད་དུ་བཅུག་པ། ཆུ་ལེན་སའི་འགྲམ་གྱི་གད་སྙིགས་དང་རྩྭ་རའི་ཁྱི་སྐྱག་གཙང་སེལ་བྱས་པ་བརྒྱུད། ཁྱི་དང་མི་ཕྱུགས་ཀྱིས་ཆུ་འགོ་མཉམ་སྤྱོད་བྱ་རྒྱུ་གཏན་འགོག་བྱས་ཁར། རྩྭ་རར་སྦགས་བཙོག་མི་ཐེབས་པ་དང་སྒོ་ཕྱུགས་ཀྱི་ནད་ཕན་ཚུན་མི་འགོ་བ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།