[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་གྲོང་ཁྱེར་གྱིས“བདེ་ཐང་ལྷ་ས”འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཤུགས་ཆེན་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    651705_yis_1565601323816.jpg

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“བདེ་ཐང་ལྷ་ས”འཛུགས་སྐྱོང་གཙོ་རྐང་དུ་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་གཙོ་གནད་དུ་འཛིན་པ་མཐའ་འཁྱོངས་བྱས་ནས་ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་དང་། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་སོགས་ལ་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ། “བདེ་ཐང་ལྷ་ས”འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ས་ཆ་བཟུང་ཚད་སྨི་ངོས་གྲུ་1080ཟིན་པའི་སྟག་རྩེ་ཆུས་ཐང་དཀར་ཤང་གི་ཚད་ལྡན་འཕྲོད་བསྟེན་ཁང་ནི་མ་རྩ་སྒོར་ཁྲི་608བཏང་སྟེ་བསྐྲུན་ཅིང་། འདི་ལོའི་ཟླ་5པར་དངོས་སུ་སྤྱོད་འགོ་ཚུགས་ཡོད། བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་དང་། ཕྱི་ལུགས་སྒོ་བསྟེན་སྨན་ཁང་། དོས་དྲག་ཁང་། བུད་མེད་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཁང་སོགས་ཚན་ཁག་20ལྷག་ཙམ་ཡོད་པའི་འཕྲོད་བསྟེན་ཁང་གིས་ཉིན་རེར་ཆ་སྙོམས་ནད་པ་མི་གྲངས་70ལྷག་ཙམ་ལ་སྨན་བཅོས་བྱེད་པས། ཡུལ་དེའི་མང་ཚོགས་ཉེ་འགྲམ་དུ་ནད་བསྟེན་ཅིང་། འདི་ནི་སྨན་དོན་མི་སྣས་མང་ཚོགས་ལ་སྨན་སྤྲོད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།