[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་ལ་དཔེ་སྐྲུན་དངོས་པོ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    ཉིན་ཤས་གོང་། རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་29པའི་ཐོག་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་ལ་ཕུལ་བྱུང་དཔེ་སྐྲུན་དངོས་པོ་ཞལ་འདེབས་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་དཔེ་དེབ་སྣ་ཁ་770ཡི་དེབ་1238ཞལ་འདེབས་བརྒྱབ་ཅིང་། དེའི་ནང་རྒྱལ་ཁབ་ཀྱི་དཔེ་སྐྲུན་ཐེབས་རྩའི་རོགས་དངུལ་རྣམ་གྲངས་ཀྱི་དཔེ་དེབ་ཁག་དང་པོའི《བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རྩ་ཆེའི་དེབ》དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་རྒྱལ་ཡོངས་ཀྱི་གཙོ་གནད་བརྗོད་དོན་གཙོ་བོའི་དཔེ་དེབ《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》དང་། 《བོད་སྨན་སྔོ་ཁྲོག་འཁྲུངས་དཔེའི་པར་རིས་ཀུན་འདུས་ཆེན་མོ་མཁྱེན་ནོར་དགོངས་རྒྱན》《བོད་ཀྱི་ཤེས་བྱ་ཀུན་བཏུས》སོཌ་ཚུད་ཡོད་པ་མ་ཟད། དེ་དང་དུས་མཚུངས། 《མི་དམངས་ཀྱི་བོད་ལྗོངས་གསར་པ》དང་《བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བརྒྱད》སོཌ་ཕུལ་བྱུང་སྒྲ་བརྙན་དཔེ་སྐྲུན་དངོས་པོ་སོཌ་ཚུད་ཡོད་པས་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཚན་ཞིབ་ལས་དོན་སྤེལ་རྒྱུར་རྩ་ཆེའི་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱས་ཡོད།

    ཕུལ་བྱུང་དཔེ་སྐྲུན་དངོས་པོ་དེ་དག་ཞལ་འདེབས་བརྒྱབ་པ་བརྒྱུད། བོད་ལྗོངས་མི་རིཌ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ཁྱད་ལྡན་ཉར་ཚཌ་ཁང་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་མ་ཟད། བོད་ཀྱི་རིག་གནས་དང་ནང་སའི་རིག་གནས་སྤེལ་རེས་བྱ་རྒྱུར་ཡང་སྐུལ་མ་ཐེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།