[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་བོད་ལྗོངས་སློབ་འབྲིང་གི་ལོ་རིམ་17པའི་འཛིན་གྲྭ་3པའི་སློབ་མས་དབྱར་གསེང་ལ་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-20

    643770_yis_1563512284212.jpg

    སྔར་ནས་བཟུང་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་གིས་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་ཀྱི་ལག་ལེན་སློབ་གསོ་ཟུང་འབྲེལ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ཚད་ལོན་ཤེས་ལྡན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པ་རེད། ཉེ་ཆར། ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་བོད་ལྗོངས་སློབ་འབྲིང་གི་ལོ་རིམ་17པའི་འཛིན་གྲྭ་3པའི་སློབ་མས་དབྱར་གསེང་ལ་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། རྫོང་རྒྱབ་ཀླུ་ཁང་དུ་འོས་འགན་གད་བདར་བརྒྱབ་པ་མ་ཟད། ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་ནས་བོད་གསར་རྙིང་བསྡུར་བའི་སློབ་གསོ་དང་ལེན་བྱས་ཤིང་། འདི་ནི་སློབ་མ་ཚོས་རྫོང་རྒྱབ་ཀླུ་ཁང་དུ་འོས་འགན་གད་བདར་ངལ་རྩོལ་བྱས་རྗེས་དྲན་རྟེན་འདྲ་པར་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།