[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་སས་སྒོར་དུང་ཕྱུར་2ལྷག་ཙམ་གྲབས་གསོག་བྱས་ནས་སློབ་ཆེན་སློབ་མ་ཁྲི་5ལྷག་ཙམ་ལ་རོགས་རམ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-08

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་། སློབ་མར་མ་དངུལ་རོགས་རམ་བྱེད་པའི་མ་ལག་འཛུགས་རྒྱུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་མར་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་རེད། 2012ལོ་ནས་ད་བར། ཁྱོན་སྒོར་དུང་ཕྱུར་2ལྷག་ཙམ་གྲབས་གསོག་བྱས་ནས་སློབ་ཆེན་སློབ་མ་ཁྲི་5.6ལྷག་ཙམ་ལ་རོགས་རམ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་ཁོ་ནར། ལྷ་ས་གྲོང་ཁྱེར་གྱིས་2018ལོ་དང་2019ལོ་འཁོར་གྱི་པེ་ཅིང་དང་ལྷ་སའི“རྫོང་གཉིས་དང་ཆུས་གཉིས”ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བའི་སློབ་རོགས་རྣམ་གྲངས་དོན་འཁྱོལ་བྱས་ནས། འདམ་གཞུང་རྫོང་དང་། སྙེ་མོ་རྫོང་། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས་བཅས་ཀྱི་སློབ་གྲྭ་ཆེ་མོ་བ་152ལ་ཁྱོན་སྒོར་ཁྲི་150ཡི་རོགས་སྐྱོར་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་2018ལོ་དང་2019ལོ་འཁོར་གྱི་དྭ་ཕྲུག་སློབ་ཆེན་འགྲིམ་རིང་གི་སློབ་རོགས་མ་དངུལ་གྱི་རྣམ་གྲངས་དོན་འཁྱོལ་བྱས་ནས་དྭ་ཕྲུག་140ལ་དངུལ་སྨར་སྒོར་ཁྲི་75.2རོགས་སྐྱོར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།