[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྫ་ཡུལ་རྫོང་གིས་སློབ་གྲྭར“ནག་སེལ་གཤེད་བཅོམ”སྐོར་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཁྲིམས་འཛིན་ཅུས་ཀྱི“ནག་སེལ་གཤེད་བཅོམ”ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚ་བ་རོང་ཤང་སློབ་ཆུང་དུ་བསྐྱོད་དེ“ནག་སེལ་གཤེད་བཅོམ”གྱི་ཁྲིམས་སྐྱོང་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ་རེད།

    དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང། ལས་དོན་མི་སྣས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པ་དང་། བྱ་དངོས་ལ་ངོས་འཛིན་དང་བརྡར་ཤ་གཅོད་ནུས་ཞན་པ། ཁྲིམས་སྐྱོང་གི་འདུ་ཤེས་ཞན་པ། རང་གཅུན་ནུས་པ་ཞན་པ་སོགས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་སློབ་མ་ཚོར་ངེས་པར་དུ་སློབ་གྲྭའི་ནང་གི་བརྙས་བཅོས་དང་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་དང་རིང་དུ་བྲལ་དགོས་པའི་བསླབ་བྱ་བྱས་པ་དང་འབྲེལ་ཚང་མས་ནག་གཤེད་དང་འབྲེལ་བའི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་སྐུལ་སློང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།