[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་60ཡི་རིང་བོད་ཀྱི་ཚན་རིག་སློབ་གསོར་ཡར་རྒྱས་ཆེན་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-29

    ཟླ་3པའི་ཚེས་ཤར་དུ་བོད་ཀྱི་སྐམ་སའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བེད་སྤྱོད་དང་འཕེལ་རྒྱས་ཞིབ་འཇུག་གི་ལས་ལ་གཞོལ་ནས་ལོ་40སོང་བའི་ཞིབ་འཇུག་པ་ལིའུ་ཝུའུ་ལིན་ལ་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་གྱི་བྱ་དགའ་བཙུགས་པ་ནས་བཟུང་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོག་མར་དཔྱད་འདེམས་བྱས་པ་ཞིག་ཡིན་པ་དང་བྱ་དགའི་དངུལ་སྒོར་ཁྲི་100ཡིན་པ་རེད།

    ད་རེས་ཚན་རིག་ལག་རྩལ་གྱི་བྱ་དགའ་དཔྱད་འདེམས་ཁྲོད་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་བདེ་ཆེན་པད་སྒྲོན་དང་ཚེ་དཔལ་སྒྲོལ་མ་སོགས་བོད་རིགས་ཚན་ཞིབ་པ་7ལ“བོད་ཀྱི་གསོ་བ་རིག་པའི་བཤལ་ཐབས་ལ་བརྟེན་ནས་མཁྲིས་པ་སེར་གྲམ་གྱི་མཆིན་ཚད་གསོ་བཅོས”ལ་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད།

    ཚན་རིག་ཞེས་པའི་ཐ་སྙད་དེ་ནི་བོད་རྙིང་པར“ལོག་ལྟ་ལོག་བཤད”ཀྱི་བྱ་དངོས་ཤིག་ལ་བརྩི་གི་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན་ནས“ཡར་ལངས་དམག་འཐབ”ཡག་པོ་ཞིག་བརྒྱབ་པས་ཐ་སྙད་དེར་བོད་རིགས་མང་ཚོགས་ཚོས་རིམ་བཞིན་དང་ལེན་ཐུབ་པ་དང་། ཚན་རིག་གི་འདུ་ཤེས་དེ་བོད་ཀྱི་མི་སེར་ཚོའི་བསམ་བློའི་ནང་གཏིང་ཟབ་ཟུག་ཡོད།

    བོད་རྙིང་པར་དབང་སྒྱུར་གྲལ་རིམ་གྱིས་གསར་ཐོན་བྱ་དངོས་དང་དེང་རབས་ཀྱི་ཚན་རིག་ལ་བཀག་འགོག་དང་རྡུང་རྡེག་གཏོང་བའི་རྣམ་འགྱུར་སྟོན་གྱི་ཡོད།

    འདི་ལོ་ལོ་74ལ་སླེབས་པའི་བགྲེས་སོང་གྲགས་པ་ནི་དུས་རབས་གོང་མའི་ལོ་རབས་50པའི་དུས་འགོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་དགོན་སྡེ་ཞིག་གི་གྲྭ་པ་ཡིན་པ་དང་། བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ་དང་བསྟུན་ནས་ཁོང་གིས་གསང་བའི་ངང་བཅིངས་འགྲོལ་དམག་མིས་ལྷ་སར་བཙུགས་པའི་སློབ་གྲྭར་སློབ་སྦྱོང་བྱེད་པར་ཡོང་། འོན་ཀྱང་གནས་ཚུལ་དེ་དགོན་སྡེའི་ཀླད་རྙིང་མཁྲེགས་བཟུང་ཚོས་ཤེས་རྗེས་བཀག་འགོག་བྱས། ཁོང་གིས“སྐབས་དེ་དུས་བོད་ཀྱི་མི་སེར་མང་ཆེ་བའི་ངོས་ནས་བརྗོད་ན་སློབ་གྲྭར་འགྲོ་རྒྱུ་ནི་སྤྲོས་བྲལ་ཞིག་རེད”ཅེས་བརྗོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡིག་རྨོངས་སེལ་བ་དང་རྒྱ་ཆེའི་མང་ཚོགས་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ནི་སྲིད་གཞུང་གསར་པས་སྔོན་ལ་སྤེལ་བའི་ལས་དོན་ནང་བཅུག་ཡོད། ལོ་བཅུ་ཕྲག་འགའ་ཤས་ཀྱི་འཕེལ་རྒྱས་བརྒྱུད་བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པས་ཁྱིམ་བདག་ཚོས་སློབ་གསོར་མཐོང་ཆེན་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། 2018ལོའི་བར་བོད་ཀྱི་སློབ་ཞུགས་གོང་གི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་77.9%ཟིན་པ་དང་། སློབ་ཆུང་དུ་སློབ་ཞུགས་བྱེད་ཚད་99.59%ཟིན་པ། མཐོ་རིམ་སློབ་གསོའི་ན་འདྲེས་གཞོན་ནུ་སློབ་གྲྭར་ཞུགས་ཚད་39.2%ཟིན་པ། གཞོན་དར་ཡིག་རྨོངས་ཡིན་ཚད་0.52%བར་ཆག་པ། ངལ་རྩོལ་མི་འབོར་གྱིས་སློབ་གསོ་དང་ལེན་བྱེད་པའི་ཆ་སྙོམས་ལོ་ཚད་ལོ་8.6ཡིན་པ་རེད།

    ལོ་21ལ་སླེབས་པའི་བསྟན་འཛིན་ཚེ་རིང་ནི་པེ་ཅིང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་ཆ་འཕྲིན་དང་གློག་རྡུལ་སློབ་གླིང་གི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཞིག་རེད། “ངའི་ཕུགས་འདུན་ནི་སློབ་གྲྭ་ཐོན་རྗེས་མུ་མཐུད་ཚན་ཞིབ་མི་སྣ་ཞིག་བྱ་རྒྱུ་དེ་ཡིན” “ངའི་སྤོ་ལགས་ནི་དགེ་རྒན་རེད། ཁོང་གིས་རྟག་ཏུ་རང་ཉིད་ལ་དེང་རབས་ཀྱི་ཚན་རིག་ཤེས་བྱ་ཁོང་དུ་ཆུད་པ་བྱ་རྒྱུ་ནི་འཇོན་ཐང་ཆེ་ཤོས་དེ་རེད་ཅེས་གསུངས་ཀྱི་འདུག”ཅེས་ཁོང་གིས་བཤད།

    སློབ་གསོས་བོད་ཀྱི་མི་སེར་ཚོས་ཚན་རིག་ལ་ངོས་འཛིན་གསར་པ་བྱུང་ཡོད། སྔོན་ཆད“ཀྲུང་གོ་ན་གཞོན་བུད་མེད་ཚན་རིག་མཁས་ཅན”ལ་བདམས་ཐོན་བྱུང་བའི་བོད་རིགས་འབུམ་རམས་པ་ཅི་ཆིའུ་མེ་ནག་ཆུར་སྐྱེས་པ་དང་། ཕྱི་རྒྱལ་དུ་སློབ་གཉེར་བྱས་ཏེ་སློབ་མཐར་བྱུང་ནས་ཕྱིར་ལོག་བྱས་རྗེས་འབྲི་གཡག་ལ་ཞིབ་འཇུག་བྱེད་མཁན་གྱི་རྩེར་སོན་རིགས་གཅིག་མཁས་ཅན་ཞིག་ལ་གྱུར་ཡོད། 2006ལོར་ཁོང་གིས་འབྲི་གཡག་རྒྱུད་སྤེལ་གྱི་འགག་སྒྲོལ་ཞིབ་འཇུག་བྱས་པར་གྲུབ་འབྲས་ཐོབ་ཡོད། 

    “གལ་སྲིད་སྔོན་ཆད་ཡིན་ན། རང་ཉིད་ཀྱིས་སྤྱོད་པའི་ལག་ཐོགས་ཁ་པར་དེ་ནི་གདོན་འདྲེའི་སྐད་ཅིག་རེད་ཅེས་བརྗོད་སྲིད”བགྲེས་སྲོང་གྲགས་པས་སྐད་འཕྲིན་ནས་གསར་འགོད་པར“ཚན་རིག་ནི་དཔེ་ཆའི་ནང་དོན་དང་འགལ་ཡོད་ཅེས་པའི་ཤོད་སྟངས་དེ་ནི་ལོ་རྒྱུས་སུ་གྱུར་པ་དང་། མི་རྣམས་ཀྱི་བསམ་པར་ཚན་རིག་ནི་བྱ་དངོས་ཡག་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད།

    ད་ཆའི་བོད་ལྗོངས་སུ་ཚན་རིག་ལག་རྩལ་གང་མགྱོགས་ཁྱབ་གདལ་བྱུང་ནས་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།