[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷོ་རོང་རྫོང་གིས“གངས་ལྷ་མེ་ཏོག”སྨན་བཅོས་རོགས་སྐྱོབ་ཐེབས་རྩ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-05

     ཉེ་ཆར་ལྷོ་རོང་རྫོང་གིས“གངས་ལྷ་མེ་ཏོག”སྨན་བཅོས་རོགས་སྐྱོབ་ཐེབས་རྩ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གངས་ལྷ་མེ་ཏོག”སྨན་བཅོས་རོགས་སྐྱོབ་ཐེབས་རྩར་ཁྱོན་སྒོར་ཁྲི་50ཡོད་པ་ལས་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་སྒོར་ཁྲི་30རོགས་སྐྱོར་བྱས་པ་དང་ལྷོ་རོང་རྫོང་ནོར་སྲིད་ཀྱིས་སྒོར་ཁྲི་20སྤྲད་པ་དེ་དག་གཙོ་བོ་ཐེམ་ཁུངས་ལྷོ་རོང་གི་ཞིང་འབྲོག་མང་ཚོགས་ལ་དམིགས་བསལ་གྱི་ནད་གཞི་དང་ནད་གཞི་ལྕི་པོ་ཕོག་ནས་སྨན་རིན་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད་རེད། ལྷོ་རོང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ཆེན་གྱིས་ཐེབས་རྩའི་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཡིག་ཐོག་རྩིས་ཐོ་བཟོ་བ་དང་ཟླ་རེར་དུས་ཐོག་ཏུ་བསྡོམས་རྩིས་བྱས་ཏེ་མ་དངུལ་དོ་དམ་སེམས་ལ་རྩིས་ཡོད་པ་བྱེད་དགོས་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།