[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱིས་མ་འོངས་ལེའུ་གསར་པ་རྩོམ།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་ཚའེ་ཧྲོའུ་ཁོན་གྱིས་བོད་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-21

    ཉིན་ཤས་གོང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སློབ་སྦྱོང་ལག་བསྟར་བྱས་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་དང་དེ་བཞིན་བོད་ཀྱི་མཐོ་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གང་འདྲ་བྱས་ནས་སྐུལ་འདེད་གཏོང་རྒྱུའི་ཐད། གསར་འགོད་པས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཚའེ་ཧྲོའུ་ཁོན་ལ་བཅར་འདྲི་ཞུས་པ་ཡིན།

    “ང་ཚོས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ལས་ཀའི་བསམ་ཕྱོགས་དང་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ནས་རང་ལྗོངས་ཀྱི་ལས་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས”ཚའེ་ཧྲོའུ་ཁོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྙན་སྒྲོན་གནང་སྐབས“གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་ཆེད་ཡིན་པ”བསྟན་ཡོད། “མི་གང་འདྲ་ཞིག་གསོ་སྦྱོང་བྱེད་པ་དང་མི་གསོ་སྐྱོང་ཇི་ལྟར་བྱེད་པ”ནི་སློབ་གསོའི་རྩ་བའི་གནད་དོན་ཡིན་ལ་ནམ་ཡང་མི་འགྱུར་བའི་བརྗོད་དོན་གཙོ་བོ་ཞིག་ཀྱང་ཡིན། ལས་རིགས་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སློབ་གཉེར་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་དང་ཐོན་སློབ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། བཟོ་སློབ་ཟུང་འབྲེལ། ཤེས་སྤྱོད་གཅིག་མཐུན་བཅས་ཀྱི་སློབ་གཉེར་བསམ་ཕྱོགས་གཞིར་བཟུང་། སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་དང་། ཁྱབ་ཁོངས་ཁག་དང་རིགས་ཁག་གི་ལས་རིགས་སློབ་གསོའི་རྣམ་པ་གསར་གཏོད། འཕེལ་རྒྱས་ཀྱི་ཐབས་ལམ་ཡང་དག་འཚོལ་བ། ལས་ཀའི་གཙོ་གནད་གཏན་འཁེལ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་ཁྱད་ཆོས་དང་མི་དམངས་བློ་ཡིད་ཚིམ་པའི་ལས་རིགས་སློབ་གསོའི་མ་ལག་ཅིག་ཧུར་ཐག་གཏོད་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་ག་བཏང་གོ་ཆོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཚེ། བོད་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་མྱུར་པོ་ཡོང་ཆེད་བློ་གྲོས་དང་ཤེས་ལྡན་མི་སྣའི་ལེགས་སྐྱེས་འབུལ་ཐུབ་ཅེས་བཤད།

    ཚའེ་ཧྲོའུ་ཁོན་གྱིས། མིག་སྔར་བལྟས་ན། རང་རྒྱལ་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པས་སྤྱི་ཚོགས་ཀྱིས་མཁོ་འདོན་བྱས་པའི་ལས་ཞུགས་གོ་སྐབས་དང་ངལ་རྩོལ་ཁོར་ཡུག་ལའང་དེ་མཚུངས་ཀྱི་འགྱུར་ལྡོག་བྱུང་ཡོད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པར་བྱེད་དགོས་ན་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་གསོ་སྐྱོང་བྱས་པའི་ཤེས་ལྡན་མི་སྣ་ནི་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཅན་གྱི་ཤེས་ལྡན་པ་ཡིན་དགོས། སློབ་མའི་བཟོ་བོའི་སྙིང་སྟོབས་སྐྱེད་སྲིང་བྱེད་དགོས་ལ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང“བཟོ་བོའི་སྙིང་སྟོབས་ལྡན་པའི་ལས་རིགས་སློབ་གླིང”དང་“གསར་བརྗེའི་ལས་རིགས་སློབ་གླིང”གི་མཚན་སྙན་ཧུར་ཐག་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་རྐང་འཛིན་མི་སྣ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས་ཞེས་བཤད།

    དུས་རབས་གསར་པར་ཇི་ལྟར་བྱས་ཏེ་བྱ་ཐབས་མཉམ་སྤྱོད་ཀྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་དགོས་སམ། ཚའེ་ཧྲོའུ་ཁོན་གྱིས“དུས་རབས་གསར་པར། ལས་རིགས་སློབ་གསོར་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་མང་པོ་འཕྲད་ཡོད། དེར་བརྟེན་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་བྱ་ཐབས་མཉམ་སྤྱོད་ཀྱིས་མཐོ་རིམ་ལས་རིགས་སློབ་གསོའི་ནང་དོན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞིབ་ཕྲའི་ཐོག་ནས་བརྗོད་ན། འཐབ་ཇུས་དམིགས་ཚད་ཁ་གསལ་བཟོས་ནས་མཐོ་རིམ་ལས་རིགས་སློབ་གླིང་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་རྒྱབ་ལྗོངས་ཆེ་མོའི་འོག ང་ཚོས་ངེས་པར་དུ་གོ་སྐབས་ལ་དམ་འཛིན་བྱས་ཏེ་དུས་ཚོད་ཀྱིས་མི་མི་སྒུག་པའི་སྙིང་སྟོབས་ཐོག་ནས“རྣམ་པ་ལྔའི་ལས་རིགས་སློབ་གླིང”འཛུགས་སྐྲུན་བྱ་རྒྱུར་ཤུགས་རྒྱག་པ་དང་། ཆེད་ལས་གྲུབ་ཆའི་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། དེ་བས་ཁ་གསལ་བའི་སློབ་གཉེར་འདུ་ཤེས་དང་། སློབ་གཉེར་ངེས་གནས། སློབ་གཉེར་ཁྱད་ཆོས་བཅས་ཆགས་པ་བྱེད་པ། དེ་བས་གསོན་ཤུགས་ལྡན་པའི་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་དང་དེ་བས་སྒོ་དབྱེའི་སློབ་གཉེར་ཁོར་ཡུག་ཅིག་བསྐྲུན་ནས་མི་རིགས་ས་ཁུལ་དུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་མཐོ་རིམ་ལས་རིགས་སློབ་གླིང་དུ་འགྱུར་བ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་བསྟར་བྱ་ཆེད། ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་བཤད།

    མཇུག་ཏུ་བྱང་ཚད་དང་ལག་རྩལ་མཐོ་བའི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བླང་བྱ་གཞིར་བཟུང་། ཚའེ་ཧྲོའུ་ཁོན་གྱིས“རང་བརྟེན”དང“གཞན་བརྟེན”མཉམ་སྤྱོད་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་འཆར་འགོད་དང་མ་ལག་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཀུན་སྤྱོད་ལེགས་པ་དང་། སློབ་གསོའི་འདུ་ཤེས་གསར་པ། སྒྱུར་བཅོས་ཀྱི་འདུ་ཤེས་ཟབ་པ། སློབ་ཁྲིད་ཆུ་ཚད་ཅུང་མཐོ་བ། ལག་ལེན་གྱི་ནུས་པ་ཅུང་ཆེ་བ། ཆེད་ལས་དང་གཅིག་ལྕོགས་ཟུང་འབྲེལ་བཅས་ཀྱི་དགེ་རྒན་གྱི་དཔུང་ཁག་གཅིག་ཧུར་ཐག་བཙུགས་ནས་མཐོ་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཤེས་ལྡན་མི་སྣའི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།