[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་གསོ་པུས།

    སློབ་ཚན་གཞན་གྱི་དགེ་རྒན་གྱིས་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་དང་མཛེས་དཔྱོད་དགེ་རྒན་གཅིག་ལྕོགས་བྱེད་མི་ཆོག་ཅེས་བསྟན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    སློབ་གསོ་པུས་ཚེས་7ཉིན《སློབ་གྲྭའི་ལུས་རྩལ་དང་མཛེས་དཔྱོད་འཁྲིད་མཁན་གཅིག་ལྕོགས་དགེ་རྒན་གྱི་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ཏེ་སློབ་གྲྭ་འབྲིང་ཆུང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ལུས་རྩལ་དང་མཛེས་དཔྱོད་འཁྲིད་མཁན་གཅིག་ལྕོགས་དགེ་རྒན་གདན་ཞུའི་ཆ་རྐྱེན་དང་། གདན་ཞུས་ལས་བསྐོས་བརྒྱུད་རིམ། སྒྲིག་འཛུགས་དོ་དམ་སོགས་ཐད་གཏན་འབེབས་བྱས་ཡོད། དོ་དམ་བྱ་ཐབས་ནང་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་དང་མཛེས་དཔྱོད་འཁྲིད་མཁན་གཅིག་ལྕོགས་དགེ་རྒན་སློབ་གྲྭ་དེ་གའི་སློབ་ཚན་གཞན་དག་གི་དགེ་རྒན་ནམ་ཡང་ན་གཞན་གྱིས་འགན་ཁུར་མི་རུང་བ་གསལ་སྟོན་བྱས་ཡོད།

    དོ་དམ་བྱ་ཐབས་ནང་བསྟན་དོན། ལུས་རྩལ་དང་མཛེས་དཔྱོད་འཁྲིད་མཁན་གཅིག་ལྕོགས་དགེ་རྒན་གདན་ཞུ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སློབ་གྲྭའི་ལུས་རྩལ་དང་མཛེས་དཔྱོད་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཡིན་ལ་དེང་གི་སློབ་གྲྭའི་ལུས་རྩལ་དང་མཛེས་དཔྱོད་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ལུས་རྩལ་གཅིག་ལྕོགས་དགེ་རྒན་གདན་ཞུ་བྱ་ཡུལ་ནི་སློབ་གྲྭ་གཞན་གྱི་ཆེད་ལས་ལུས་རྩལ་དགེ་རྒན་དང་། སློབ་གྲྭ་ཕྱིའི་སློབ་གསོའི་སྒྲིག་གཞི་དང་ལུས་རྩལ་ཚོགས་པ། ལུས་རྩལ་ཁོངས་གཏོགས་བཅས་ཀྱི་འབྲེལ་ཡོད་ལུས་རྩལ་ལས་དོན་པ་ཡིན་དགོས་པ་དང་། མཛེས་དཔྱོད་གཅིག་ལྕོགས་དགེ་རྒན་གདན་ཞུ་བྱ་ཡུལ་ནི་སློབ་གྲྭ་གཞན་གྱི་ཆེད་ལས་སྒྱུ་རྩལ་དགེ་རྒན་དང་། སློབ་གྲྭ་ཕྱིའི་སློབ་གསོའི་སྒྲིག་གཞི་དང་། དྲིལ་བསྒྲགས་རིག་གནས་ཁོངས་གཏོགས། སྤྱི་ཚོགས་རིག་གནས་ཚོགས་པ་བཅས་ཀྱི་སྒྱུ་རྩལ་ལས་དོན་པ་དང་། དམངས་ཁྲོད་སྒྱུ་རྩལ་པའམ་ཡང་ན་བཟོ་རྩལ་མཁས་པ་སོགས་དང་དེ་བཞིན་འོས་ཐོབ་དང་མཐུན་པའི་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཞབས་ཞུའི་རྒྱུན་འཛིན་བྱེད་པོ་ཡིན་དགོས།

    སློབ་གསོ་པུའུ་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་འགན་འཁུར་བས་སྤྱི་ཚོགས་ཕྱོགས་ཁག་གི་ལུས་རྩལ་དང་མཛེས་དཔྱོད་སྤུས་དག་གི་དགེ་རྒན་ཐོན་ཁུངས་བེད་ཡག་པོ་སྤྱོད་ཆེད། དོ་དམ་བྱེད་ཐབས་ནང་གཅིག་ལྕོགས་དགེ་རྒན་གྱི་གདན་ཞུའི་ཁྱབ་ཁོངས་ནི“སློབ་གྲྭ་ཕྱིའི”ལུས་རྩལ་སྒྱུ་རྩལ་གྱི་ཆེད་ལས་མི་སྣ་ཡིན་པ་དང་། ལུས་རྩལ་དང་མཛེས་དཔྱོད་ཆེད་ལས་དགེ་རྒན་གྱིས་སློབ་གསོ་སྲིད་འཛིན་སྡེ་ཚན་གྱི་སྤྱི་འདོམས་འོག“སྐོར་སྐྱོད་སློབ་ཁྲིད”བྱ་ཐབས་ཐོག་ནས་གྲོང་གསེབ་དང་དེ་བཞིན་དགེ་རྒན་དཀོན་པའི་སློབ་གྲྭ་གཞན་དུ་གཅིག་ལྕོགས་དགེ་རྒན་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་དང་། མཐོ་སློབ་དཀྱུས་མའི་ལུས་རྩལ་དང་སྒྱུ་རྩལ་གྱི་ཆེད་ལས་དགེ་རྒན་གྱིས་སློབ་གྲྭ་འབྲིང་ཆུང་དུ་གཅིག་ལྕོགས་དགེ་རྒན་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ། སློབ་གྲྭས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལུས་རྩལ་དང་སྒྱུ་རྩལ་རྒྱུན་འཛིན་རྣམ་གྲངས་སློབ་ཁྲིད་དང་མཛུབ་སྟོན་གྱི་གཅིག་ལྕོགས་དགེ་རྒན་གདན་ཞུ་བྱས་ནས་བསྐོ་རྒྱུར་ལྕག་སྐུལ་བྱ་རྒྱུ་བཅས་གསལ་སྟོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།