[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་གསོ་སྐྱོང་བྱས་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཁག་དང་པོ་སློབ་གྲྭ་ཐོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཉེ་དུས། བོད་ལྗོངས་སློབ་ཆེན་གྱིས་འཚོགས་པའི་སྐབས་དང་པོའི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོའི་ཐོག་སློབ་ཐོན་སློབ་མ་4ལ་འབུམ་རམས་པའི་སློབ་གནས་སྤྲད་ཅིང་། འབུམ་རམས་པ་བཞི་པོ་ནི་བོད་ཀྱི་ལོ་རྒྱུས་ཆེད་ལས་དང་། བོད་སྐད་ཡིག་རྩོམ་རིག་ཆེད་ལས། ས་མཐོའི་གསོ་བ་རིག་པའི་ཆེད་ལས་བཅས་ཡིན་པ་དང་ཁོ་ཚོ་ནི་བོད་ཀྱིས་གསོ་སྐྱོང་བྱས་པའི་ཁག་དང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན་པ་རེད།

    བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་བསོད་ནམས་ཚེ་རིང་གིས“བོད་ཀྱིས་གསོ་སྐྱོང་བྱས་པའི་འབུམ་རམས་པ་ཁག་དང་པོའི་གྲས་ཤིག་ཡིན་པའི་ངོས་ནས། ཏང་དང་རྒྱལ་ཁབ་ཀྱིས་བཏོན་པའི་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་སྲིད་ཇུས་བཟང་པོའི་འོག་ངས་ཐོན་ཁུངས་མཐའ་དག་སྤྱད་ནས་འབྲས་བཟང་སྨིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    རྒྱ་རིགས་སློབ་མ་ཀྲང་ཧུའེ་ཡིས་དེ་གོང་ཉེ་འགྲམ་གྱི་ཞིང་ཆེན་གཙོ་བོར་ས་མཐོར་འཚམ་པའི་ཞིབ་འཇུག་བྱེད་ཀྱི་ཡོད། བོད་ལྗོངས་སློབ་ཆེན་གྱི་ས་མཐོའི་གསོ་བ་རིག་པའི་ཆེད་ལས་ཀྱི་འབུམ་རམས་པར་རྒྱུགས་སྤྲོད་དོན་ནི“བོད་ནི་ས་མཐོར་ཞིབ་འཇུག་བྱ་རྒྱུར་འཚམ་པའི‘རང་བྱུང་ཚོད་ལྟ་ཁང་ཡག་ཤོས’ཡིན་པས་ཡིན”ཞེས་བཤད། འབུམ་རམས་པ་འགྲིམ་རིང་ཀྲང་ཧུའེ་ལ་དགེ་རྒན་ཆེ་མོ་བ་ཚུའེ་ཁྲའོ་དབྱིང་དང་དངོས་གྲུབ་ནོར་བུ་རྣམ་གཉིས་ཀྱི་མཛུབ་ཁྲིད་གནང་མྱོང་ཡོད། བོད་ལྗོངས་སློབ་ཆེན་གྱི་ས་མཐོའི་གསོ་བ་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཚུའེ་ཁྲའོ་དབྱིང་གིས“ང་ཚོའི་བོད་རིགས་དགེ་རྒན་ཆེ་མོ་བ་གཉིས་མཉམ་དུ་རྒྱ་རིགས་སློབ་མ་གཅིག་ལ་མཛུབ་ཁྲིད་བྱས་པ་དེ་ཐོག་ནས་ས་གནས་དེ་རང་གི་ཁག་དང་པོའི་འབུམ་རམས་པ་གསོ་སྦྱོང་ལ་སྣང་ཆེན་བྱས་པ་མཚོན་ཡོད་ལ་བོད་རྒྱ་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་དུང་ཡང་མཚོན་པར་བྱས་ཡོད”ཅེས་བཤད།

    2013ལོའི་ཟླ་7པ་ནས་བཟུང་། བོད་ལྗོངས་སློབ་ཆེན་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཚན་པར་གྱུར་ཞིང་། དེར་མི་རིགས་རིག་པ་དང་། ཀྲུང་གོའི་སྐད་ཡིག་དང་རྩོམ་རིག་རིག་པ། སྣོད་བཅུད་རིག་པ་བཅས་འབུམ་རམས་པར་སློབ་གནས་སྤྲོད་ཆོག་པའི་རིམ་པ་དང་པོའི་རིག་ཚན་ལྡན་ཡོད། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར། ལྗོངས་ཡོངས་སུ་མཐོ་རིམ་སློབ་གླིང་7དང་སློབ་གྲྭར་འགྲོ་མུས་ཀྱི་ཉིན་གང་ལམ་ལུགས་ཀྱི་འབུམ་རམས་པ་60ལྷག་ཙམ་ཡོད། མིག་སྔར་བོད་ཀྱི་མཐོ་སློབ་ཁག་གིས“རྩེ་གྲ་གཉིས”གཏོད་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང“མི་རིགས་ཀྱི་ཕུལ་བྱུང་རིག་གནས”དང“ས་མཐོའི་ཚན་རིག་དང་ལག་རྩལ”གྱི་རིག་ཚན་ཚོགས་པ་ཆེན་པོ་གཉིས་ལ་དམིགས་པ། ལེགས་ཆ་དང་། ཁྱད་ལྡན། འཕྲལ་མཁོ་བཅས་རིམ་པ་གསུམ་གཞིར་བཟུང་རིག་ཚན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་གི་ཡོད་པ་རེད།

    451819_yis_1510547744398.jpg

    འདི་ནི་ཟླ་11ཚེས་10ཉིན། འབུམ་རམས་པའི་ཞིབ་འཇུག་སློབ་མ་4སློབ་གྲྭ་ཐོན་པའི་མཛད་སྒོར་ཞུགས་ནས་ཕྱིར་དོན་ཡོང་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།