[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    439431_yis_1506747807016.jpg

    འདི་ནི་མཚོ་སྣ་རྫོང་སློབ་འབྲིང་གི་སློབ་མ་ཚོས“2017ལོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རིག་གནས་ཡུལ་སྐོར་དུས་ཆེན”ཐོག་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་ལ་འཇོག་པའི་འདུ་འགོད་དེ“དམངས་སེམས་འདུ་འགོད་ཆེ་གྲས་བཅུ”ཡི་ཐོག་མར་བཞག་ནས“ལྗོངས་ཡོངས་སྣེ་ཁྲིད་དང་ནུབ་རྒྱུད་ལས་བརྒལ་བ”དམིགས་ཚད་དུ་བྱས་ཏེ“བཞི་ཅན”གྱི་འདུ་འགོད་19ལག་བསྟར་ཤུགས་ཆེན་བྱས་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། རྨང་གཞི་བརྟན་དུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་ལས་དོན་སྤེལ་ཡོད།

    སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་བཏང་ནས་རྨང་གཞི་བརྟན་དུ་བཏང་།

    “ཕྲུ་གུ་བུ་གསོ་ཁང་དུ་གཏོང་རྒྱུའི་ཐད་སེམས་ཁྲལ་བྱེད་སྐབས་ལྷོ་ཁ་གྲོང་ཁྱེར་བུ་གསོ་ཁང་གཉིས་པ་བསྐྲུན་པས། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་གྲོང་མི་བསྟན་འཛིན་ཉི་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སློབ་གསོའི་འཕེལ་རྒྱས་སྐོར་གླེང་སྐབས་དགའ་སྤྲོའི་ངང་བཤད་བྱུང་།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ཀྱི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། གཞི་རིམ་བུ་གསོ་ཁང་བསྐྲུན་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་བུ་གསོ་ཁང་གཉིས་པ་དང་གསུམ་པ་བསྟུད་མར་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་དང་། སློབ་ཞུགས་གོང་གི་སྐད་གཉིས་བུ་གསོ་ཁང་གི་སློབ་གཉེར་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་འབྲེལ། སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་བུ་གསོ་ཁང་འཛུགས་སྐྲུན་གྱི་དཔྱད་དཔོག་ཚད་གཞིའི་མ་ལག་བཙུགས་ཡོད།

    ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་འཕྲིན་ལས་སྤེན་པས་གསར་འགོད་པར། མིག་སྔར་ལྷོ་ཁ་གྲོང་ཁྱེར་དུ་ཁྱོན་སློབ་གྲྭ་393ཡོད་པ་དེ་དག་2012ལོ་དང་བསྡུར་ན་སློབ་གྲྭ་44མང་དུ་ཕྱིན་ཡོད། ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་སློབ་ཞུགས་གོང་གི་དུས་མཚམས་90.08%དང་། སློབ་ཆུང་གི་དུས་མཚམས་99.99% དམའ་རིམ་སློབ་འབྲིང་གི་དུས་མཚམས་102.52% མཐོ་རིམ་སློབ་འབྲིང་གི་དུས་མཚམས་91.05%བཅས་ཟིན་པ་དང་། དམིགས་ཚད་ཁག་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་བཤད་བྱུང་།

    སློབ་གསོ་དྲང་སྙོམས་ཀྱི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

    འདི་ལོ་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གྱི་བཀྲ་ཤིས་དཔལ་འབྱོར་གཟེངས་སུ་ཐོན་པའི་སྦྱངས་འབྲས་ཐོག་ནས་པེ་ཅིང་སློབ་ཆེན་གསོ་རིག་ཚན་ཁག་ཏུ་ཚུད་པ་རེད། འོན་ཀྱང་སློབ་ཡོན་མཐོ་དྲགས་པ་དང་འཚོ་བའི་གྲོན་དངུལ་སྤྲོད་དགོས་པར་བརྟེན་ཁོང་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད།

    གནས་ཚུལ་དེ་ཤེས་རྗེས། ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་དེ་མུར་རོགས་སྐྱོར་བྱས་པ་རེད།

    མ་དངུལ་རོགས་སྐྱོར་ཐོབ་པའི་གྲས་སུ་བཀྲ་ཤིས་དཔལ་འབྱོར་གཅིག་པུ་མ་ཡིན་པར། 2012ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭ་ཆེ་མོ་བར་མ་དངུལ་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་ཉིན་གང་ལམ་ལུགས་ཀྱི་འཆར་གཞིའི་ནང་གི་ལྗོངས་ཕྱི་ནང་གི་དངོས་གཞིའི་ཚན་ཁག་དང་། ཆེད་སྦྱོང་ཚན་ཁག་ཏུ་རྒྱུགས་འཕྲོད་པའི་ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་པའི་བུ་ཕྲུག་ལ་མ་དངུལ་རོགས་སྐྱོར་བྱས་ཡོད།

    ཏང་འཛུཌ་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པ།

    ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས“ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་རང་འགན་ལ་བརྩི་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་འགན་འཛོལ་ལ་བརྩི་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མི་ཐུབ་པ་ལས་འགན་འཁུར་མི་ཐུབ་པར་བརྩི་བ་བཅས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་རིམ་པ་བཞིན་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ཡི་གེ་བཞག་སྟེ་ཏང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཏན་ཏིག་དང་། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད།

    ཏང་གི་གཞི་རིམ་དམག་འཐབ་མཁར་རྫོང་ནུས་པ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མངོན་པ་བྱས་ཤིང་། མིག་སྔར་ལྷོ་ཁ་གྲོང་ཁྱེར་དུ་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་དགེ་རྒན་ལ“གཉིས་འཛེགས་གཉིས་བབ”ཀྱི་སློབ་གསོའི་རོགས་སྐྱོར་སྤེལ་རེས་ཀྱི་ལས་གནས་ལམ་ལུགས་བཟོས་ནས་གྲོང་ཁྱེར་ཐད་གཏོགས་སློབ་གྲྭས་མངགས་པའི་རྐང་འཛིན་དགེ་རྒན་ཤང་དང་གྲོང་ཚོའི་སློབ་གྲྭར་སློབ་སྐྱོར་བྱེད་པར་གཏོང་བ་དང་། ཤང་དང་གྲོང་ཚོའི་སློབ་གྲྭའི་དགེ་རྒན་རྫོང(ཆུས)དང་ཤང(གྲོང་རྡལ)གི་སློབ་གྲྭར་སྤེལ་རེས་བྱེད་པར་གཏོང་བ། རྫོང(ཆུས)དང་ཤང(གྲོང་རྡལ)སློབ་གྲྭའི་དགེ་རྒན་གྲོང་ཁྱེར་ཐད་གཏོགས་སློབ་གྲྭར་སྤེལ་རེས་བྱེད་པར་གཏོང་བ་བཅས་བྱས་པས། ཐག་རིང་ལུང་ཁུག་གི་སློབ་གྲྭ་དང་སློབ་ཁྲིད་བྱ་ཡུལ་དུ་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱུང་བ་མ་ཟད། སློབ་ཚན་འཆར་འགོད་དོན་འཁྱོལ་ནུས་ལྡན་བྱ་རྒྱུ་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་མངོན་གསལ་དོད་པོས་ཤུགས་སྣོན་རྒྱག་པ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།