[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གཉའ་ནང་མཐའ་མཚམས་མངགས་གཏོང་ཁང་གིས།

    “མཛེས་སྡུག་ལྡན་པའི་འཚོ་བ་དང་དམངས་དོན་ཁྲིམས་གཞུང་མཉམ་དུ་གནས་པའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-21

    p29_s.jpg

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་གྱོད་དཔེ་འགྲེལ་བཤད་རྒྱག་བཞིན་པ།

     ཉེ་ཆར་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གཉའ་ནང་མཐའ་མཚམས་མངགས་གཏོང་ཁང་གི་བཅའ་ཁྲིམས་ཁྱབ་གདལ་ཡན་ལག་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། ཁེ་ལས་སུ་སྐྱོད་པ། སློབ་གྲྭར་སྐྱོད་པ་སོགས་ཀྱི་རྣམ་པར་བརྟེན་ནས“མཛེས་སྡུག་ལྡན་པའི་འཚོ་བ། དམངས་དོན་ཁྲིམས་གཞུང་མཉམ་དུ་གནས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོབ་པ་དང་། མང་ཚོགས་ཀྱིས《དམངས་དོན་ཁྲིམས་གཞུང》སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་རྨང་གཞི་ཡག་པོ་ཞིག་བཏིངས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།