[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དུས་རབས་གསར་པར“དམག་སྡེ་བཅོ་བརྒྱད་པའི”བོད་སྐྱོད་ལམ་བུར་ཡག་པོ་བསྐྱོད་པ།

    ཆབ་མདོ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    22222222222.jpg

    འདི་ནི་ཆབ་མདོ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་ཏང་ཡོན་ལས་བྱེད་པ་དང་རུ་མི་ཚོས“དམག་སྡེ་བཅོ་བརྒྱད་པའི”བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་བཞིན་པ།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཁག་གཉིས་པ་སྤེལ་ཚུན། ཆབ་མདོ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཇི་ལྟར་བྱས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས་ཐོག་མའི་བསམ་འདུན་ལག་བསྟར་དང་། བོད་ཀྱི་དམིགས་བསལ་ལྗོངས་བབ་ལ་གཞི་ཚུགས་པ། དཔུང་སྡེའི་སྒྱུར་བཅོས་ཀྱི་དོན་དངོས་ལ་དམིགས་པ། “དམག་སྡེ་བཅོ་བརྒྱད”པའི་སྙིང་སྟོབས་ལག་བསྟར་བཅས་ཧུར་ཐག་བྱ་ཆེད། “དུས་རབས་གསར་པར་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ཀྱི་ལམ་བུར”ལེགས་པར་བསྐྱོད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་རེད།

    དཔུང་སྡེའི་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པ་བྱས་པ། 

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གལ་ཆེན་གྱི་རྒྱ་ཆེ་ལ་གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་དོན་དངོས་ལ་དམིགས་ནས། ཉིང་ལག་རུ་ཁག་གིས“བོད་ལྗོངས་དང་ཉེ་བཅར་དང་། དཔུང་སྡེ་དང་ཉེ་བཅར། རུ་མི་དང་ཉེ་བཅར”བཅས་ཀྱི་ཉེ་བཅར་གསུམ་མཐའ་འཁྱོངས་བྱས་ཤིང་། “དམག་སྡེ་བཅོ་བརྒྱད”པའི་བོད་སྐྱོད་ཀྱི་ལོ་རྒྱུས་དང་ཏང་གི་ལོ་རྒྱུས། ཀྲུང་གོ་གསར་པའི་ལོ་རྒྱུས་བཅས་དང་ཟུང་འབྲེལ་བྱས་ནས། 《ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན》དང་། 《“དམག་སྡེ་བཅོ་བརྒྱད་པའི”བོད་སྐྱོད་ཀྱི་དྲན་ཤེས་གཏམ་རྒྱུད་ཕྱོགས་སྒྲིག》 《ཀྲང་གོ་ཧྭ་ཡི་བོད་སྐྱོད་བྱས་རྗེས》སོགས་ཀྱི་དཔྱད་ཡིག་ཕྱོགས་སྒྲིག་གིས་ཏང་ཡོན་ལས་བྱེད་པའི་བསླབ་གཞིར་བྱས་པ་བརྒྱུད། “དམག་སྡེ་བཅོ་བརྒྱད་པའི”སྙིང་སྟོབས་ཀྱི་ནང་དོན་དང་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་སྔ་ཕྱི་སྦྲེལ་མཐུད་བྱས་པ་མ་ཟད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་བོད་ལྗོངས་ཉེ་བཅར་དང་། བཀོད་འཐབ་པ་དང་ཉེ་བཅར་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་མོས་སེམས་དང་བརྩེ་སེམས་ཀྱི་མོས་སེམས་མུ་མཐུད་ཟབ་ཏུ་བཏང་བ་རེད།

    དཔུང་སྡེའི་ཁྲོད་ལྷག་པའི“སྒེར་གྱི་དཀའ་ངལ་མང་པོ་ཤོད་པ་དང་། ས་མཐོར་འཕྲོད་མིན་ལ་སེམས་ཁྲལ་ཆེན་པོ་བྱེད་པ། ཐོབ་ཐང་མཐོ་དམན་ལ་དོ་ཁུར་ཆེན་པོ་བྱེད་པ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་གསར་བརྗེ་པ་རྒན་གྲས་དང་དམར་དམག་རྒན་གྲས་གདན་དྲངས་ནས་གསར་བརྗེའི་ལོ་རྒྱུས་བརྗོད་པ་དང་། ཆབ་མདོའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར། ས་ཁུལ་ཏང་གི་སློབ་གྲྭར“དམག་སྡེ་བཅོ་བརྒྱད་པའི”དཔའ་བོའི་བྱས་རྗེས་ལྷུག་པོར་གླེང་བ། སྒྱུར་བཅོས་སྲིད་ཇུས་ཀྱི་ཕན་པ་སྒྲོག་འགྲེལ། “ཡང་དག་པའི་ལྟ་སྟངས་བཞི་བཅངས་ཏེ་དུས་བཀག་ལྟར་སྒྱུར་བཅོས་ལེགས་སྒྲུབ་ལ་འགན་ལེན་བྱེད་པའི”བརྗོད་དོན་གཙོ་བོའི་རྩོད་གླེང་ཚོགས་འདུ་སྒྲིག་འཛུགས། “དུས་རབས་གསར་པར་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པའི”བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་སློབ་གསོ། གླུ་གཞས་འགྲན་བསྡུར། གཏམ་བཤད་བྱེད་སྒོ་སྒྲིག་འཛུགས་བཅས་བྱས་ནས། བཀོད་འཐབ་པ་ཚོས“སྲུང་སྐྱོང་གཉིས”ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་མ་ཟད། ཏང་ཡོན་དང་ལས་བྱེད་པ་ཚོས་བོད་གསར་རྙིང་གི་འགྱུར་ལྡོག་དང་། དཔུང་སྡེ་འཛུགས་པའི་ཐོག་མའི་དུས་ནས་དེང་གི་སྒྱུར་བཅོས་དང་སྒྲིག་ཁོངས་སྒྱུར་བའི་བར་གྱི་འཕོ་འགྱུར་གྱི་ལོ་རྒྱུས། དེ་བཞིན་ལོ་རྒྱུས་ཀྱི་གཏམ་རྒྱུད་རེ་རེ་དང་པར་རིས་རེ་རེ། རྩ་ཆེའི་རིག་དངོས་རེ་རེ་བཅས་ལས“དམག་སྡེ་བཅོ་བརྒྱད་པས”བོད་དུ་བསྐྱོད་དེ་བོད་བཅིངས་འགྲོལ་གྱི་སྐར་ལྔའི་དར་དམར་དང་པོ་ཆབ་མདོར་བཙུགས་པའི་ཞུམ་མེད་ཀྱི་གསར་བརྗེའི་སྙིང་སྟོབས་དངོས་སུ་ཚོར་བ་དང་། སྔོན་གཤེགས་དཔའ་བོར་སློབ་སྦྱོང་བྱས་ཏེ་ཐོག་མའི་བསམ་འདུན་བློ་ལ་འཆང་རྒྱུར་ཁྲིད་སྟོན་བྱས་པ་རེད།

    དཔུང་སྡེའི་སྤུས་ཚད་མཐོར་གཏོང་དང་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གནང་བ་དང་སློབ་སྟོན་བཀའ་སློབ་ཀྱི་དགོངས་དོན་དང“རི་བོ་མཐོན་པོར་འཛེག་ཕོད་པ་དང་མེ་ཡི་རྒྱ་མཚོར་མཆོང་ཕོད་པའི”བླང་བྱར་དམིགས་ཏེ་ཉིང་ལག་རུ་ཁག་གིས་རང་འགུལ་ངང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག་གི་འགན་ནུས་མཐའ་འཁྱོངས་དང་། སློབ་སྟོན་བཀའ་སློབ་ཀྱི་དགོངས་དོན་དང“དམག་སྡེ་བཅོ་བརྒྱད་པའི”སྙིང་སྟོབས་མཐའ་འཁྱོངས་བྱ་རྒྱུ་དེ་དཔུང་སྡེའི་སྒྱུར་བཅོས་ཀྱི་རྩ་འཛིན་དང་བླ་སྲོག་ལ་བརྩིས་ནས་སྙིང་སྟོབས་ཀྱི་སྒུལ་ཤུགས་ཆེན་པོ་མུ་མཐུད་བསྣན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ལག་རུ་ཁག་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྒྲིག་ཁོངས་སྒྱུར་བཅོས་བྱས་ནས་ལོ་གཅིག་རིང་གི་རྙིང་ཞེན་གྱི་བསམ་བློ་དང་། བྱ་སྤྱོད་མཁྲེགས་བཟུང་། འདུ་ཤེས་རྗེས་ལུས། ནུས་པ་ཞན་པ། ས་མཐོའི་སྦྱོང་བརྡར་ལ་སྐྲག་པ་སོགས་གནད་དོན་མང་པོར་དམིགས་ནས་ལྟ་ཞིབ་དབྱེ་ཞིབ་དང་འཕྲལ་བཤེར་འཕྲལ་བཅོས་བྱས་པ་མ་ཟད། ལྗོངས་ཏང་ཨུད་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་དག་ཐེར་ཁྲོད་དུ“བསམ་བློར་བཅིངས་འགྲོལ་དང་། དངོས་སྒྲུབ་གསར་གཏོད”ཀྱི་ལས་ཀའི་སྤྱིའི་དགོངས་གཞི་གཏན་འཁེལ་བྱས་ཤིང་། “མཐའ་དག་ལྟེ་བར་དམིགས་པ་དང་། ལྟེ་བར་ཞབས་འདེགས་ཞུ་བ། ལྟེ་བར་འགན་སྲུང”བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་གི་བསམ་ཕྱོགས་བཏོན་པ་རེད། “གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག”གི་ངེས་གནས་ལ་དམིཌ་ཏེ་སྦྱོང་བརྡར་གྱི་བྱ་ཐབས་གསར་གཏོད་དང་། རི་མཐོ་བ་དང་ལམ་ལ་ཉེན་ཁ་ཆེ་བའི་དཀའ་བ་ཁྱད་བསད་གྱིས་དུས་ཚིགས་རེར་དམག་ཡོངས་ཞུགས་པ་དང་། ས་ཁོངས་ཡོངས་མཉམ་འགུལ། ཉིན་གང་སྦྱོང་བརྡར། གཞི་རྒྱུ་བསྡུ་སྒྲིལ་བཅས་ཀྱི་དངོས་འཐབ་དམག་སྦྱོང་བྱེད་སྒོ་ཆེན་མོ་ཐེངས་གཅིག་སྒྲིག་འཛུགས་བྱེད་པ་མ་ཟད། ནགས་ཚལ་མེ་ཟོན་ཅུས་ཀྱི“མེ་ལྕེ་སྔོན་པོའི”དྲག་རྩལ་འགྲན་བསྡུར་སྐབས་དང་པོར་ཞུགས་མཁན་རུ་མི་བཞི་སྒྲིག་འཛུགས་བྱས་ནས་ཉམས་མྱོང་བཟང་པོ་བརྒྱུད་སྤྲོད་བྱས་ཏེ་དངོས་འཐབ་ཉམས་མྱོང་ཁྲོད་ཀྱི་ཞན་ཆའི་གནད་དོན་ཐག་གཅོད་བྱས་པ་རེད།

    དཔུང་སྡེས་ལྷག་བསམ་རྣམ་དག་གིས་དམངས་ལ་ཞབས་འདེགས་ཞུ་རྒྱུར་སྣེ་ཁྲིད་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་ཡོན་དང་ལས་བྱེད་པར་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་ཆེན་པོ་ལྡན་མིན་ལ་ཚད་འཇལ་བྱེད་པའི་ཚད་གཞི་ཨང་དང་པོ་ཡིན་ཞེས་བསྟན་པར་དམིགས་ཏེ། ཉིང་ལག་རུ་ཁག་གིས“དམག་སྡེ་བཅོ་བརྒྱད་པའི”མང་ཚོགས་ལ་མཐུན་སྒྲིལ་ལྷག་པར་ཐུབ་པའི་རྩ་དོན་གྱི་འདུ་ཤེས་དང་ལྷག་བསམ་རྣམ་དག་ངང་མི་དམངས་ལ་ཞབས་འདེགས་ཞུ་བ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས། དུས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ཏེ་མང་ཚོགས་ཀྱི་བྱ་བ་རང་ཉིད་ཀྱི་བྱ་བར་བརྩིས་ནས་བསྒྲུབས་ཤིང་། ཆེད་དོན་བགྲོ་གླེང་བྱེད་རིང་། ཚང་མས་དམངས་གཅེས་དང་དམངས་ལ་རོགས་རམ་ཇི་ལྟར་བྱེད་པའི་ཐད་དུ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    འདི་ལོའི་རྒྱལ་སྟོན་གྱི་སྔ་ནུབ་ཏུ། ཉིང་ལག་རུ་ཁག་གི་ཏང་ཡོན་དང་ལས་བྱེད་པ་ཚོས་ཁུང་དམར་གྲོང་ཚོའི་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ཤིང་། དེའི་རིང་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ་དབུལ་སྐྱོར་གྱི་གྲུབ་འབྲས་ཇི་ལྟར་སྲ་བརྟན་དུ་གཏོང་བའི་སྐོར་ལ་གྲོས་བསྡུར་བྱས་པ་དང་འབྲེལ། རུ་མི་དང་གྲོང་ཚོའི་ནང་གི་ལོ་70ལ་སླེབས་པའི་བོད་རིགས་རྒན་རྒོན་སྒྲིག་འཛུགས་བྱས་ཏེ་མཉམ་དུ“འགྱུར་ལྡོག་གླེང་བ་དང་། མེས་རྒྱལ་ལ་བསྟོད་གླུ་ཕུལ་བ། ཏང་གི་བཀའ་དྲིན་ཚོར་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི“ང་དང་མེས་རྒྱལ་ལོ་མཉམ་ཡིན”ཞེས་པའི་བྱེད་སྒོ་སྤེལ་ཏེ། ཏང་གི་འགོ་ཁྲིད་འོག་བོད་འདི་ཉིད་དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་འཕོ་འགྱུར་ཚོར་བར་བྱས་པ་རེད།

    ཉེ་ཆར། ཉིང་ལག་རུ་ཁག་གིས་བཀོད་འཐབ་པ་60ཙམ་སྒྲིག་འཛུགས་བྱས་ཏེ་ཁྲོན་བོད་གཞུང་ལམ་318རྒྱུད་དུ་ལུས་པའི་མང་ཚོགས་ལ་ལྟོ་ཚ་པོ་ཐུན་600ལྷག་ཙམ་བསྐྱལ་བ་མ་ཟད། རུ་མི་30བཏང་ནས་ཉེན་གྱར་ཡུལ་སྐོར་བར་ཁྲག་སྦྱིན་འབུལ་བ་དང་། འཇོ་མདའ་རུ་འབྲིང་གི་རུ་མི་སྒྲིག་འཛུགས་བྱས་ཏེ་ན་ནིང་གི“10·11”འབྲི་ཆུའི་རི་ཉིལ་བའི་གནས་ཚུལ་ཐོན་སྐབས་གནས་སྤོས་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་འཚམས་འདྲི་བྱས་ནས། ནཌ་ཚལ་མེ་ཟོན་དཔུང་ཁག་གི“མི་སེར་དང་འབྲེལ་འདྲིས་ལྷག་པར་ཟབ་པའི་སྐྱིད་སྡུག་མཉམ་མྱོང”གི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།