[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ​ ས་མཐོའི་དམག་ཧྲག་གིས་དམག་གཟིགས་ཀྱི་ལས་འགན་ལེགས་པར་བསྒྲུབས་པ།

    རྒྱལ་སྟོན་གྱི་དམག་གཟིགས་ནང་ཞུགས་མཁན་ཡང་བའི་ལྕགས་ཁྲབ་དཔུང་སྡེའི་རུ་སྟར་གྲུ་བཞིའི་དཔོན་དམག་གི་ཉམས་འགྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    zhouk9a170_s.jpg

    ཟླ་10ཚེས་1ཉིན་གྱི་སྔ་དྲོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཡང་བའི་ལྕགས་ཁྲབ་དཔུང་སྡེའི་རུ་སྟར་གྲུ་བཞིས་གཟིགས་འབུལ་བྱེད་བཞིན་པ།

    zhouh9a50_s.jpg

    འདི་ནི་བོད་དམག་ཁུལ་ཁང་གི་ཡང་བའི་ལྕགས་ཁྲབ་དཔུང་སྡེའི་རུ་སྟར་གྲུ་བཞིའི་དཔོན་དམག་གིས་དམག་གཟིགས་ཀྱི་སྦྱོང་བརྡར་བྱེད་བཞིན་པ།

    zhouh9a49_s.jpg

    འདི་ནི་བོད་དམག་ཁུལ་ཁང་གི་ཡང་བའི་ལྕགས་ཁྲབ་དཔུང་སྡེའི་རུ་སྟར་གྲུ་བཞིས་དམག་གཟིགས་ཀྱི་ལས་འགན་ཡག་པོ་བསྒྲུབ་རྒྱུའི་དམ་བཅའ་འཇོག་པ།

    zhouk9a180_s.jpg

    འདི་ནི་གཟིགས་འབུལ་མ་བྱས་གོང་རུ་སྟར་གྲུ་བཞིའི་འཐབ་འཛིང་པ་ཚོས་ཕན་ཚུན་དམག་ཆས་ཀྱི་བཟོ་ལྟ་ལེགས་བཅོས་བྱེད་བཞིན་པ།

    zhouk9a174_s.jpg

    འདི་ནི་རུ་སྟར་གྲུ་བཞིའི་གཟིགས་འབུལ་འཐབ་འཛིང་པ་ཚོས་ཉི་མར་བལྟས་ནས་སྦྱོང་བརྡར་བྱེད་བཞིན་པ།

    zhouk9a179_s.jpg

    འདི་ནི་སྦྱོང་བརྡར་བྱེད་ཞོར་དུ་རུ་སྟར་གྲུ་བཞིའི་གཟིགས་འབུལ་འཐབ་འཛིང་པས་འཐབ་གྲོགས་ལ་མིག་སྨན་ལྡུག་བཞིན་པ།

    zhouk9ca175_s.jpg

    འདི་ནི་གཟིགས་འབུལ་དཔོན་དམག་ཚོས་སྦྱོང་བརྡར་བྱེད་ཞོར་དུ་སྒོར་གཞས་འཁྲབ་བཞིན་པ།

    ཟླ་10ཚེས་1ཉིན། ཁྲང་ཨན་ཁྲོམ་གཞུང་དུ་མི་སེམས་འགུལ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་གྲགས་པ་དང་བསྟུན་ནས་གངས་ལྗོངས་ས་མཐོའི་ཡང་བའི་ལྕགས་ཁྲབ་དཔུང་སྡེའི་རུ་སྟར་གྲུ་བཞི་དལ་གྱིས་གནམ་བདེ་སྒོ་མོའི་ཕྱོགས་སུ་ཡོང་མ་ཐག་སྐྱེ་བོ་ཀུན་གྱི་མིག་དབང་ཅིག་ཅར་དུ་བཀུག

    རུ་སྟར་གྲུ་བཞིའི་རུ་དཔོན་ཐེན་ཅན་མིང་གིས། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ནས་འཐེན་པའི་ཡང་བའི་ལྕགས་ཁྲབ་དཔུང་སྡེའི་རུ་སྟར་གྲུ་བཞི་དེ་ནི་ས་བབ་མཐོ་ཤོས་སུ་བཅའ་སྡོད་བྱེད་པའི་དམག་ཡོངས་ཀྱི་མཉམ་སྒྲིག་རུ་ཁག་གསར་པ་ཞིག་ཡིན། དམག་གཟིགས་ནང་ཞུགས་མཁན་དཔོན་དམག་ཁྱོན་178ཡོད་པའི་ནང་19ནི་གྲངས་ཉུང་མི་རིགས་ཡིན་པ་དང་དེའི་ནང་བོད་རིགས་དང་། པའེ་རིགས། མན་ཇུ་རིགས། ཧུད་རིཌ། དབྱིས་རིགས། ཏུང་རིགས། པུའུ་དབྱི་རིགས། ཐུའུ་ཅ་རིགས་སོགས་ཡོད་ལ། མེས་རྒྱལ་གྱི་གངས་ལྗོངས་ས་མཐོ་ནས་སྤྱི་ལེ་4000ལྷག་ཙམ་བརྒལ་ཏེ་པེ་ཅིང་གི་གནམ་བདེ་སྒོ་མོར་ཡོང་བ་ཡིན་ཞེས་བཤད།

    ཡང་བའི་ལྕགས་ཁྲབ་དཔུང་སྡེའི་རུ་སྟར་གྲུ་བཞིའི་གཟིགས་འབུལ་དཔོན་དམག་མང་ཆེ་བ་གནམ་བདེ་སྒོ་མོ་ཆེར་གཟིགས་འབུལ་བྱེད་པར་ཡོང་ཐེངས་དང་པོ་ཡིན་སྟབས། ཁོང་ཚོའི་ངོས་ནས་བརྗོད་ན་དུས་ཚོད་ཛ་དྲག་པ་དང་ལས་འགན་ཡང་ཧ་ཅང་ལྕི་པོ་ཡིན་པ་དང་། ཟླ་གསུམ་པར་ལས་འགན་འབྱོར་བ་ནས་དངོས་སུ་གཟིགས་འབུལ་བྱེད་པའི་བར། ཁོང་ཚོར་གནོན་ཤུགས་ཆེན་པོ་བྱུང་ཡོད། “ཐོག་མར་སྦྱོང་བརྡར་བྱེད་སྐབས་ང་ཚོའི་སྦྱངས་འབྲས་ཧ་ཅང་སྐྱོ་པོ་ཡོད། སྐབས་དེ་དུས་ཉན་འདོད་མེད་ཤོས་ནི་ལབ་པར་ནས་སྦྱངས་འབྲས་སྐར་གྲངས་ལྔ་བཅུ་དྲུག་ཅུ་རེད་ཅེས་ཁྱབ་བསྒྲགས་བྱེད་པ་དེ་ཡིན་ལ། ཐོས་མ་ཐག་ལམ་སེང་སེམས་ཤུགས་ཉམས་འགྲོ། འོན་ཀྱང་ང་ཚོས་དཔའ་མ་ཞུམ་པར་ཕན་ཚུན་སྐུལ་ལྕག་དང་ཡང་འབད་བསྐྱར་འབད་བྱས་མཐར། སྦྱངས་འབྲས་རིམ་གྱིས་ལེཌ་སུ་ཕྱིན་སོང”ཞེས་རུ་སྟར་གྲུ་བཞིའི་ཁ་ལོ་བ་ལི་ཅུན་གྱིས་གསར་འགོད་པར་བརྗོད།

    “ང་ཚོ་སྐྱེ་ས་གངས་ལྗོངས་ས་མཐོ་དང་འཚར་ས་འཛམ་གླིང་ཡང་རྩེ་ཡིན། ང་ཚོས་ནམ་ཡང་མཐུན་སྒྲིལ་འབད་འཐབ་དང་བྲག་རྡོ་ལྟར་བརྟན་པ། བློ་དཀར་སེམས་དཀར་སོགས་བྱ་རྒྱུ་ཡིན”ཞེས་བོད་སྡོད་དཔོན་དམག་ཚོས་གངས་ལྗོངས་ས་མཐོའི་དཔོན་དམག་ཚོའི་ལྷག་བསམ་རྣམ་དག་དང་དཔའ་ངར་ཞུམ་མེད་ཀྱི་དཔའ་ཉམས་མཚོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།