[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་སའི་མེ་ཟོན་གྱིས་ཚད་ལྡན་ཅན་འཛུགས་སྐྱོང་གི་དུང་བརྡ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    liy9a541_s.jpg

    དཔུང་ཁག་གི་ལམ་སྲོལ་འགྱུར་ལྡོག་གཏོང་བའི་དུས་བབ་གསར་པ་དང་གང་མགྱོགས་འཚམ་ཆེད། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་དམ་པོར་དམིགས་ཏེ། རང་འགུལ་ངང་བརྗོད་དོན་གཙོ་བོའི་སློབ་གསོ་ཚད་ལྡན་ཅན་འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་དང་ཟུང་འབྲེལ་བྱས་ཡོད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་སྒར་ཁུལ་དུ་ཚད་ལྡན་ཅན་འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་སློབ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་པ་རེད། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག ལྷ་སའི་རྫོང་དང་ཆུས་ཁག་དང་དགོན་སྡེའི་མེ་ཟོན་རོགས་སྐྱོབ་རུ་ཆེན་བཅས་ཀྱི་འགན་ཁུར་བ་ཚོགས་འདུར་ཞུགས་པ་རེད།

    སློབ་སྦྱོང་བྱེད་རིང་། ཚང་མས་དཔུང་ཁག་ཚད་ལྡན་ཅན་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་རྨང་གཞིའི་རང་བཞིན་དང་། བརྒྱུད་རིམ་གྱི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ཀྱི་ལས་ཀ་ཞིག་ཡིན་པས་ཚན་པ་ཁག་གིས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་རྒྱབ་ལྗོངས་ཆེན་པོར་གཞི་ཚུགས་པ་དང་། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཉིང་ལག་རུ་ཁག་ཚད་ལྡན་ཅན་འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། གཞན་ཡང་། རྒྱ་ཆེའི་མེ་གསོད་བཀོད་འཐབ་པར་ལས་ཀའི་ཐད་ཧེ་བག་ཡོད་པ་དང་། བྱ་ཐབས་ད་དུང་མི་འདང་བ། ཕན་འབྲས་ད་དུང་མངོན་གསལ་དོད་པོ་མེད་པས་ལྷག་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་དགོས་པ་དང་། གནད་དོན་ཐག་གཅོད་དང་ལས་དོན་ལེགས་བཅོས་བྱེད་པའི་བྱ་ཐབས་ཞིབ་འཇུག་བྱས་ནས་བཏོན་ཏེ་སློབ་སྦྱོང་བྱེད་རིམ་བཞིན་ཡར་རྒྱས་ཡོད་དགོས་པའི་དྲན་སྐུལ་བྱས་པ་རེད།






    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།