[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་སློབ་ཆེན་གྱིས་2019ལོའི་སློབ་མའི་དམག་སྦྱོང་གནས་ཚུལ་སྙན་ཞུ་དང་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

    fzcs13.jpg

    fzcs16.jpg

    fzcs14.jpg

    fzcs17.jpg

    fzcs18.jpg

    fzcs15.jpg

    ཉིན་ཤས་གོང་། བོད་ལྗོངས་སློབ་ཆེན་གྱི་2019ལོའི་སློབ་མའི་དམག་སྦྱོང་གནས་ཚུལ་སྙན་ཞུ་དང་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་རྔ་ཆེན་སློབ་ཁུལ་གྱི་ལུས་རྩལ་ཐང་དུ་འཚོགས་པ་རེད། བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སློབ་སྤྱི་ཅིས་ཅན་ཀྲོའུ་དང་། དམག་སྦྱོང་གི་འགན་འཁུར་དཔོན་དམག དེ་བཞིན་2019ལོའི་དམག་སྦྱོང་ནང་ཞུགས་མཁན་སློབ་མ་ཡོངས་བཅས་ཁྱོན་མི་2400ལྷག་ཙམ་ཚོགས་ཆེན་ལ་ཞུགས་པ་རེད།

    ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་དང་། “བོད་ལྗོངས་སློབ་ཆེན་གྱི་དམག་སྦྱོང་རུ་ཁག”གི་རུ་དར་ལྷབ་ལྷུབ་ཏུ་གཡོ་བའི་འོག 2019ལོའི་སློབ་མ་གསར་པ་ལས་གྲུབ་པའི་དམག་ཆས་གྱོན་པའི་རུ་སྟར་ཁག་གིས་རྡོག་སྒྲ་གཅིག་མཐུན་ངང་ཀྲུའུ་ཞི་སྡིངས་ཆའི་མདུན་ནས་རིམ་པ་བཞིན་བསྐྱོད་པ་རེད།

    དེ་རྗེས་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་སློབ་སྤྱི་གཞོན་པ་ཀྲང་ཤིང་ཐང་གིས་བོད་ལྗོངས་སློབ་ཆེན་གྱི《2019ལོའི་སློབ་མའི་དམག་སྦྱོང་ལས་དོན་གྱི“ཕུལ་བྱུང་རྩལ་འཁྲིད་པ”དང་། “སྔོན་ཐོན་ལས་དོན་པ” “ཕུལ་བྱུང་སློབ་མ” “སྦྱོང་བརྡར་གྱི་དཔེ་སྟོན་དམག”སོགས་ལ་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་བྱས་པ་མ་ཟད། འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་ཡང་སྤྲད་པ་རེད། སློབ་སྤྱི་ཅིས་ཅན་ཀྲོའུ་ཡིས་དམག་སྦྱོང་གི་འགན་འཁུར་དཔུང་སྡེར་ལེགས་སྐྱེས་ཀྱི་རྟགས་མ་སྤྲད་དེ་དམག་སྦྱོང་གི་འགན་འཁུར་རྩལ་འཁྲིད་པ་ཡོངས་ཀྱིས་ཟླ་ཕྱེད་རིང་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    མཇུག་ཏུ《མི་དམངས་དམག་དཔུང་གིས་ཏང་ལ་ལྷག་བསམ་རྣམ་དག་བྱེད》ཅེས་པའི་རྔམ་བརྗིད་ལྡན་པའི་གླུ་གཞས་ཁྲོད་ཚོགས་ཆེན་གྲོལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།