[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས“གཙང་སེལ་བྱ་སྤྱོད”སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-02

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་གི“གཙང་སེལ་བྱ་སྤྱོད”སྤེལ་འགོ་འཛུགས་པའི་མཛད་སྒོ་གཉེར་བ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་ཀྱིས“གཙང་སེལ་བྱ་སྤྱོད”ལ་སྐུལ་སློང་གཏམ་བཤད་བྱས་པ་དང་འབྲེལ“གཙང་སེལ་བྱ་སྤྱོད”སྤེལ་འགོ་འཛུགས་པའི་བཀའ་རྒྱ་བཏང་བ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེན་མོའི་བདེ་སྲུང་ལས་དོན་ཉིད་མཐའ་མའི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་རྟེན་འབྲེལ་ཆེ་མོའི་བདེ་སྲུང་ལས་དོན་གྱི“གཙང་སེལ་བྱ་སྤྱོད”ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད་ཅེས་བརྗོད།

    ལྗོངས་སྤྱི་བདེ་ཐིང་འཇིགས་སྐུལ་ངོ་རྒོལ་དམིགས་བསལ་མྱུལ་ཞིབ་རུ་ཁག་ལྷ་སའི་འཕྲལ་སྒྲུབ་ཉིང་ལག་རུ་ཁག་དང་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་འགོ་འཛུགས་མཛད་སྒོར་ཞུགས་ཤིང་། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། འཐབ་ཞུགས་ཚན་པ་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་འབྲེལ་ཡོད་ཀྱི་ལས་དོན་ལ་གང་མྱུར་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།