[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཁྲིམས་འཛིན་པུའི་བརྟག་ཞིབ་ཚོགས་ཆུང་གིས།

    རང་ལྗོངས་ཀྱི་བཙོན་ཁང་ལས་དོན་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    ཉེ་ཆར། ཁྲིམས་འཛིན་པུའི་བཙོན་ཁང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེང་ཝེ་དང་བཅས་པས་རང་ལྗོངས་ཀྱི་བཙོན་ཁང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བླང་བྱ་བཏོན་པར། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྱུར་བཀོད་སྤྱི་འདོམས་སུ་བྱས་པའི“སྒྱུར་བཀོད་ལྔ”ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་བཙོན་ཁང་གི“མེད་པ་བཞི”དང“མི་ཐོན་པ་གསུམ”གྱི་དམིགས་ཚད་ལེགས་འགྲུབ་བྱེད་དགོས་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཉིན་བརྒྱ་བདེ་འཇགས་ཀྱི་མཉམ་རུབ་དམག་འཐབ་ཆེན་པོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་རང་བཤེར་རང་བཅོས་ནན་ཏན་དང་། ཚད་གཞི་དང་ཡང་ཡང་བསྡུར་ནས་ཧེ་བག་འཚོལ་བ། གནད་དོན་གྱི་གསལ་ཐོ་འགོད་པ། མངོན་མེད་རྐྱེན་ངན་དག་ཐེར་གྱི་དུས་ཚོད་རེའུ་མིག་དང་། ས་བཀྲ། ལས་འགན་ཡི་གེ་བཅས་བཟོ་བ་དང་། དག་ཐེར་གྱི་དུས་ཚད་དང་འགན་འཁུར་བ་ཁ་གསལ་བཟོས་ནས་ལྟ་སྡོམ་བྱ་ཡུལ་གྱི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་བདེ་འཇགས་བརྟན་ལྷིང་གི་རྩ་བར་དམ་འཛིན་ལྷོད་མེད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལྟ་སྡོམ་བདེ་འཇགས་ཀྱི་ལས་དོན་ཁག་ལ་དོ་དམ་བྱེད་མཁན་ཡོད་པར་བྱས་ཐོག་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ལས་རེས་ལས་སྒྲུབ་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་བཙོན་ཁང་གི་ལས་རེས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་ཁྲིམས་འཛིན་པུའི་བླང་བྱར་ནན་གྱིས་གཞིགས་ཏེ་ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པ་བཀོད་སྒྲིག་དང་ལས་རེས་ལས་སྒྲུབ་ཀྱི་ལས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་སྒོའི་ཤེས་བྱ་སློབ་སྦྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “གདན་འདྲེན་པ་དང་ཕྱིར་སྐྱོད་པའི”བྱ་ཐབས་སྤྱད་དེ་ནང་སའི་ཞིང་ཆེན(གྲོང་ཁྱེར)གྱི་བཙོན་ཁང་ཁོངས་གཏོགས་དབར་གྱི་སློབ་སྦྱོང་སྤེལ་རེས་ལ་ཤུགས་སྣོན་གྱིས་ལས་བྱེད་པ་དང་ཉེན་རྟོག་ལས་བཟོའི་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་དགོས་པ། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་ཉེན་རྟོག་པར་སེམས་ཁུར་གཅེས་སྐྱོང་བྱས་ཏེ་ལས་བྱེད་པ་དང་ཉེན་རྟོག་པའི་གཟི་བརྗིད་ཀྱི་བསམ་པ་དང་། སྤོབས་སེམས། གཏོགས་སེམས་བཅས་ཆེ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།