[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དམག་སྦྱོང་འཁྲུག་པོ་བྱས། ཞུམ་མེད་མདུན་དུ་སྐྱོད།

    —— ཆབ་མདོ་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་མཛོ་སྒང་མེ་གསོད་རུ་འབྲིང་གིས་དམག་སྦྱོང་ཆེན་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    zhuy9944_s.jpg

    འདི་ནི་མེ་གསོད་ཡོ་ཆས་སྤྱོད་སྟངས་སྦྱོང་བཞིན་པ། 

    ཉིན་ཤས་བསྟུད་མར། ཆབ་མདོ་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་མཛོ་སྒང་རུ་འབྲིང་གིས་ཉིང་ལག་རུ་ཁག་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། “རྒྱལ་སྟོན་ལ་བསུ་བ་ཞུས་ནས་དུས་བདེ་སྲུང་སྐྱོང་བྱེད། འགན་འཁྲི་འཁུར་ནས་དམག་སྦྱོང་ཆེན་པོ་བྱེད”ཅེས་པའི་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།

    ཐེངས་འདིའི་དམག་སྦྱོང་ཆེན་མོའི་རིང་། རྒྱལ་སྟོན་ལ་བསུ་བ་ཞུ་བ་དང་ཏང་ནང་ཁུལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱབ་ལྗོངས་སུ་བྱས་ནས་རྨང་གཞིའི་སློབ་ཚན་དང་། བཀོད་འདོམས་པས་སློབ་ཁྲིད། མེ་གསོད་འཐབ་རྩལ་གྱི་སྦྱོང་བརྡར་བཅས་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་དཔུང་སྡེའི་དམག་གྲབས་དང་སྦྱོང་བརྡར་གྱི་སྤུས་ཚད་སྔར་བས་བརྟན་དུ་དང་མཐོ་རུ་གཏོང་བ་དང་། དཔུང་སྡེའི་མེ་ཟོན་དང་མེ་གསོད་ཀྱི་ཆེད་ལས་རྩལ་ནུས་དང་། རྨང་གཞི། བཀོལ་སྤྱོད་ཀྱི་གཟུགས་ནུས་བཅས་ཆེ་རུ་བཏང་ནས་འཕྲལ་སྡོམ་རོགས་སྐྱོབ་སྦྱོང་བརྡར་གྱི་གྲུབ་འབྲས་བརྟན་དུ་གཏོང་ཆེད་རེད།

    དམག་སྦྱོང་ཆེན་མོ་བྱེད་རིང་། མེ་གསོད་སྒྲིག་ཆས་སྤྱོད་སྟངས་དང་། ཐག་པར་མདུད་པ་རྒྱག་སྟངས། གཟུགས་པོར་སྦྱོང་བརྡར་སོགས་ཀྱི་སློབ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲིད་པ་ལས་རུ་མི་ཚོའི་བསྲན་ནུས་དང་། སྙིང་སྟོབས། མཐུན་སྦྱོར། བློ་སྟོབས་བཅས་ལ་ཚོད་བགམ་ཆེན་པོ་ཐེབས་ཤིང་། སྦྱོར་བརྡར་བྱ་ཡུལ་དུ་རུ་མི་ཚོས་སུ་ཞིག་དཀའ་བ་བཟོད་ཐུབ་ཤོས་ཡིན་པ་དང་། སུ་ལ་ཞུམ་མེད་སྟོབས་ཀྱིས་ཁེངས་པ། སུ་ཞིག་གི་གྲུབ་འབྲས་ལེགས་ཤོས་ཡིན་པ་བཅས་འགྲན་བསྡུར་བྱས་ནས་དུས་སྐབས་གསར་པའི་མེ་གསོད་རུ་མིའི་བློ་བརྟན་གཞུང་དྲང་དང་དཔའ་ངར་ཞུམ་མེད་ཀྱི་རང་གཤིས་གང་ལེགས་མངོན་ཡོད་ལ་སྦྱོང་བརྡར་གྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།