[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཐོག་མའི་བསམ་འདུན་གྱིས་བློ་དཀར་བླ་སྲོག་གཏོད། འབད་འབུངས་ཆེར་སྐྱེད་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-09

    —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་འཇོག་སྐུལ་སློང་ཚོགས་ཆེན་དང་དྲག་ཆས་ནང་སྦྱོང་བྱེད་སྒོའི་པར་རིས་བདམས་བཀོད། 

    ཟླ་9ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་འཇོག་གི་སྐུལ་སློང་ཚོགས་ཆེན་དང་དྲག་ཆས་ནང་སྦྱོང་བྱེད་སྒོ་སྤེལ་བ་རེད།

    འགན་སྒྲུབ་དམ་འཇོག་གི་སྐུལ་སློང་ཚོགས་ཆེན་ཐོག དྲག་ཆས་ཉེན་རྟོག་དང་། སྤྱི་བདེ། འཇིགས་རྒོལ། མེ་ཟོན་རོགས་སྐྱོབ་སོགས་ཕྱོགས་ཁག་གི་ནང་སྦྱོང་ལ་ཞུགས་མཁན་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་ཅིང་། སྐད་གསང་མཐོན་པོའི་དམ་ཚིག་ལས་རྟེན་འབྲེལ་ཆེ་མོའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ཆོད་སེམས་མཚོན་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་ཡིད་ཆེས་མངོན་ཡོད། ནང་སྦྱོང་ལ་ཞུགས་མཁན་ཡོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ཞབས་འདེགས་ཞུས་ནས། རྟེན་འབྲེལ་ཆེ་མོའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱ་རྒྱུ་དེ“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ་ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བརྗོད་པ་རེད།

    658896_yis_1567917219566.jpg

    རྔམ་བརྗིད་ལྡན་པའི་དམ་བཅའ་འཇོག་པ།

    658897_yis_1567917219886.jpg

    གྲ་སྒྲིག་ཨང་བསར།

    658900_yis_1567917220886.jpg

    ཁྲབ་རྨོག་གྱོན་པའི་དམག་ཧྲག

    658899_yis_1567917220556.jpg

    ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ།

    658898_yis_1567917220206.jpg

    དྲང་བདེན་གྱི་ཕུབ།

    658895_yis_1567917219226.jpg

    དཔའ་བོའི་གཟི་རྔམ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།