[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་སའི་བཙོན་ཁང་གིས་བརྗོད་དོན་གཙོ་བོའི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྐབས་དང་པོ་སྤེལ་བའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    zengfg98216.jpg

    འདི་ནི་གདན་དྲངས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་ཁྲིམས་སྡེ་ཚན་གྱི་འབྲེལ་ཡོད་བློ་མཐུན། རང་ལྗོངས་ཀྱི་ཁྲིམས་རྩོད་པའི་འཐུས་མི། ཁྲིམས་འཛིན་ལྟ་སྐུལ་པ། གསར་འགྱུར་སྨྱན་སྦྱོར་གསར་འགོད་པའི་འཐུས་མི་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་བཅས་ཀྱིས་ལྷ་སའི་བཙོན་ཁང་ལ་ལྟ་སྐོར་བྱེད་བཞིན་པ། 

    “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྒྱུར་བཀོད་ཆེན་པོ་ལྔར”སྤྱི་འདོམས་སྐུལ་འདེད་བཏང་ནས་བཙོན་ཁང་དོ་དམ་ཞིབ་ཚགས་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཟླ་8ཚེས་15ཉིན་གྱི་སྔ་དྲོ། ལྷ་སའི་བཙོན་ཁང་གིས“སྒྱུར་བཀོད་ཆེན་པོ་ལྔ་ལག་ལེན་བསྟར་ནས་བཙོན་ཁང་གི་རྣམ་པ་མངོན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྐབས་དང་པོ་སྤེལ་བ་རེད།

    བྱེད་སྒོ་མ་སྤེལ་གོང་། གདན་དྲངས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་ཁྲིམས་སྡེ་ཚན་གྱི་འབྲེལ་ཡོད་བློ་མཐུན། རང་ལྗོངས་ཀྱི་ཁྲིམས་རྩོད་པའི་འཐུས་མི། ཁྲིམས་འཛིན་ལྟ་སྐུལ་པ། གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པའི་འཐུས་མི་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་བཅས་ཁྱོན་མི་30ལྷག་ཙམ་གྱིས“ཚུལ་ལྡན”རིག་གནས་ཐང་ཆེན་དང་། ཁྲིམས་སྐྱོང་བར་ཁྱམས། ལོ་རྒྱུས་བར་ཁྱམས་རིང་མོ་བཅས་ལ་ལྟ་སྐོར་བྱས་པ་རེད།

    “ང་ད་ལོ་ལོ་29ཡིན། ཡིད་རྟོན་ཁའི་ཁ་བསླུས་ཉེས་པ་བསགས་པས་དུས་བཀག་བཙོན་འཇུག་ལོ་5ཡི་ཁྲིམས་ཆད་བཅད་བྱུང་། འདོད་རྔམ་ཆེ་དྲག་པས་ང་རང་ཉེས་གསོག་གི་གཡང་དུ་ལྷུངས་ནས་གཉེན་ཉེ་དང་ཁ་བྲལ་བ་མ་ཟད་རང་དབང་ཡང་ཤོར་སོང་། སྒྱུར་བཀོད་བྱས་པ་བརྒྱུད། རང་ཉིད་ལ་ཚེ་སྲོག་གསར་པ་ཐོབ་པ་བཞིན་རང་དབང་རྩ་ཆེན་པོ་ཡིན་པ་ཤེས་བྱུང་ལ། ལེགས་ཉེས་བླང་དོར་ཡང་ཤེས་བྱུང་། ད་ཆ་ངས་ཁྲིམས་ཆད་ཁུར་ཡུན་དེ་སློབ་སྦྱོང་བྱེད་པའི་དུས་ཚོད་ལ་བརྩིས་ནས་བཙོན་ཁང་གི་དམིགས་བསལ་སློབ་གྲྭ་འདིའི་ནང་བསམ་བློར་སྒྱུར་བཀོད་ཡག་པོ་བཏང་ནས་འགྱོད་བཤགས་དངོས་འབྲེལ་བྱེད་རྒྱུ་ཡིན”ཞེས་ཁྲིམས་ཁུར་མི་སྣ་ཝུའུ་ཆེ་གེ་མོས་བཤད།

    ཁྲིམས་ཁུར་མི་སྣ་ཧྥན་ཆེ་གེ་མོས་རྐང་བཙུགས་ནས་མི་བསད་པས་སྲོག་ཆད་དུས་འགྱང་གི་ཁྲིམས་ཆད་བཅད། བློ་འབྱེད་ཡིག་རིས་དགའ་སྣང་འཛིན་གྲྭར་སྐྱོད་སྐབས་གསར་འགོད་པས་ཁོ་པས་བློ་རྩེ་གཅིག་སྒྲིམ་ངང་ཐང་ག་འབྲི་བཞིན་པ་མཐོང་བྱུང་། ཁོ་པས“དེ་སྔ་ང་རི་མོ་འབྲི་མྱོང་མེད། བཙོན་ཁང་དུ་བཅུག་རྗེས། ང་རང་རི་མོ་འབྲི་རྒྱུར་དབྱིངས་ཞུགས་པ་དང་། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་རྒྱུར་དགའ་པོ་ཆགས་སོང་། ད་ཆ་ང་རང་སློབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ད་དུང་སློབ་སྦྱོང་བྱེད་རིང་གསར་གཏོད་བྱེད་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད”ཅེས་བཤད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་བཙོན་ཁང་ཏང་ཨུད་ཀྱིས་ཁྲིམས་ཁུར་མི་སྣའི་སློབ་གསོ་སྒྱུར་བཀོད་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་ཆབ་སྲིད་སྒྱུར་བཀོད་སྤྱི་འདོམས་སུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སློབ་གསོ་སྒྱུར་བཀོད་ཀྱི་ནང་དོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་ཟབ་ཏུ་གཏོང་བ། སློབ་གསོ་སྒྱུར་བཀོད་ཀྱི་རྣམ་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱེད་པ་བཅས་བྱས་པས་དམིག་བསལ་ཁྱད་ཆོས་ལྡན་པའི“ཚུལ་ལྡན་རིག་གནས”གྲུབ་ཡོད་ཅིང་། ལྷ་ས་བཙོན་ཁང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་བཙོན་ཁང་གི་འགོ་འཛིན་ཤེ་ཡུང་གིས“འདི་ལོའི་ལོ་སྟོད་དུ། ལྷ་ས་བཙོན་ཁང་གིས་རིག་གནས་སློབ་གསོའི་སློབ་ཚན་ཆུ་ཚོད་154ཁྲིད་ནས་ཁྲིམས་ཁུར་མི་སྣའི་རིག་གནས་བྱང་ཚད་མཐོ་རུ་བཏང་བ་དང་། བསམ་བློའི་སློབ་གསོའི་སློབ་ཚན་ཆུ་ཚོད་50ཁྲིད་ནས་ཁྲིམས་ཁུར་མི་སྣ་སྒྱུར་བཀོད་ནང་ཧུར་ཐག་ཞུགས་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད། ད་དུང་སེམས་ཁམས་བདེ་ཐང་སློབ་གསོའི་སློབ་ཚན་ཆུ་ཚོད་23ཁྲིད་པས་ཁྲིམས་ཁུར་མི་སྣའི་སེམས་ཁམས་བདེ་ཐང་གི་སློབ་གསོ་ཐེབས་ཚད་དང་བཙོན་ཁང་ནང་འཛུལ་སྐབས་སེམས་ཁམས་ཚོད་ལྟ་བྱེད་ཚད་100%ཟིན་ནས་ཁྲིམས་ཁུར་མི་སྣའི་སྒྱུར་བཀོད་ཀྱི་སྣོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་ཡོད”ཅེས་བརྗོད་པ་རེད།

    བཙོན་ཁང་གི་ལས་དོན་སྔར་བས་ཡོངས་བསྒྲགས་དང་ཁ་གསལ་བྱུང་ཚེ། གཞི་ནས་སྤྱི་ཚོགས་ལས་རིགས་ཁག་གིས་བཙོན་ཁང་གི་ལས་དོན་ལ་ཤེས་རྟོགས་དང་། ངོས་འཛིན། བསམ་ཤེས། རྒྱབ་སྐྱོར་བཅས་བྱེད་སྲིད། ལྷ་སའི་བཙོན་ཁང་གིས་བརྗོད་དོན་གཙོ་བོའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས‘སྒྱུར་བཀོད་ཆེན་པོ་ལྔ’སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞིབ་ཚགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་སྔར་བས་སྐུལ་འདེད་བཏང་བ་དང་། བཙོན་ཁང་དང་སྤྱི་ཚོགས་དབར་གྱི་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བཙོན་ཁང་གི་དྲང་གཞག་ཡ་རབས་ཀྱི་ཁྲིམས་འཛིན་ཆུ་ཚད་མཐོ་རུ་བཏང་བས། སྤྱི་ཚོགས་དང་བཙོན་ཁང་གིས་མཉམ་དུ་རོགས་རམ་སློབ་གསོ་གཏོང་བའི་མཉམ་ཤུགས་ནུས་ལྡན་ཆགས་ནས། ནུས་ཤུགས་ཡོད་རྒུས་ཁྲིམས་ཁུར་མི་སྣའི་སྒྱུར་བཀོད་བྱེད་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་ཁུར་མི་སྣར་བསམ་བློར་སྒྱུར་བཀོད་གཏོང་རོགས་བྱས་ནས་ཧུར་བརྩོན་ཡར་སྐྱེད་ཀྱིས་སྤྱི་ཚོགས་ཐོག་སླར་ཡང་ཉེས་པ་མི་གསོག་པའི་སྤྱི་དམངས་ཚད་ལོན་གསོ་སྐྱོང་བྱས་ཡོད”ཅེས་ཤེ་ཡུང་གིས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།