[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཁྲིམས་མེད་ལུགས་མེད་བྱེད་མཁན་ཁྲིམས་ལ་སྦྱར་བ།

    ——ལྷ་ས་གྲོང་ཁྱེར་གྱིས་ནག་སེལ་གཤེད་བཅོམ་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    རྒྱན་པོ་འགྱེད་ན་ཁྲིམས་འགལ་ཡིན་མིན་དང་། བུ་ལོན་འདེད་ན་ཁྲིམས་འགལ་ཡིན་ནམ་ཞེ་ན། བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ལུགས་མཐུན་གྱི་ཐབས་ལམ་སྤྱད་ནས་དབང་ཆ་སྲུང་སྐྱོང་བྱས་ན་ལུགས་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་ཚའེ་ཆེ་གེ་མོ་སོགས་མི་ལྔ་པོའི་ངོས་ནས་བརྗོད་ན། གྲང་ཅང་ཅང་གི་ལག་ལྕགས་མ་བརྒྱབ་གོང་ཁོང་ཚོས་གནད་དོན་དེར་ལྟ་སྟངས་གཞན་དག་ཅིག་འཛིན་གྱི་ཡོད།

    zengfg98113.jpg

    འདི་ནི་ཁྲིམས་རའི་འདྲི་ཞིབ་བྱ་ཡུལ་ཡིན་པ།

    རྒྱན་པོ་འགྱེད་ཡུལ་བཙུགས་པ་དང་གཏུམ་སྤྱོད་སྤྱད་ནས་བུ་ལོན་འདེད་པ་སོགས་བྱས་ཏེ་གློག་བརྙན་ནང་སྟོན་པའི“གསང་བའི་ཁྲིམས་འཛིན་རུ་ཁག”དོན་པ།

    ཚའེ་ཆེ་གེ་མོ་དང་། ཡོན་ཆེ་གེ་མོ། ཁྲེན་ཆེ་གེ་མོ། ལི་ཆེ་གེ་མོ། ཀྲོའུ་ཆེ་གེ་མོ་བཅས་མི་ལྔ་པོ་ལས་འགའ་རེ་ནི་གཞན་ཡུལ་འགྲིམ་སྐབས་ཕན་ཚུན་རོགས་སྐྱོར་བྱེད་མཁན་གྱི་ཕ་ཡུལ་གཅིག་པ་ཡིན་པ་དང་། འགའ་རེ་ནི་ངོ་ཤེས་ཀྱིས་ངོ་སྤྲོད་བྱས་པའི་གྲོགས་པོ་བློས་ཐུབ་ཡིན། འོན་ཀྱང་འབྲེལ་བ་དེ་སྔར་བས་ཟབ་ཏུ་སོང་རྗེས་དེ་སྔ་ལྟ་བུའི་ལྷད་མེད་དྭངས་གཙང་ཞིག་ཏུ་གནས་མེད།

    2018ལོའི་ཟླ་7ཚེས་1ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་ལ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཞུང་ལས་ཁང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་ཞིག་འབྱོར་ཞིང་། དེའི་ནང་ཚའེ་ཆེ་གེ་མོ་སོགས་ཀྱིས་གཏུམ་སྤྱོད་སྤྱད་ནས་བུ་ལོན་འདེད་ཀྱི་འདུག་པས། ནག་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཡོད་བཟོ་འདུག་ཅེས་འཁོད་ཡོད། ཁུངས་སྣེ་འབྱོར་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ལམ་སེང་ཆེད་དོན་ཚན་ཁག་བཙུགས་ཏེ་དཔྱད་ཞིབ་དཔང་ལེན་ལས་དོན་སྤེལ་ཡོད། དཔྱད་ཞིབ་རགས་ཙམ་བྱས་པ་བརྒྱུད། མྱུལ་ཞིབ་མི་སྣས་ཚའེ་ཆེ་གེ་མོས་གཙོས་པའི་མི་ལྔའི་ཉེས་གསོག་ཚོགས་པས་དུས་ཡུན་རིང་པོའི་ནང་ལྷ་སའི་གྲོང་ཁུལ་གྱི་ཇ་ཁང་ཆེ་གྲས་ཁག་ཏུ་རྒྱན་པོ་འགྱེད་ཡུལ་བཙུགས་ཏེ་རྒྱན་པོ་འགྱེད་མཁན་ལ་སྐྱེད་ལྕིའི་བུ་ལོན་བཏང་ནས་རྒྱན་པོ་འགྱེད་དུ་འཇུག་པ་དང་དེའི་ཁྲོད་ནས་ཁེ་བཟང་བཟས་པ་མ་ཟད། “གསང་བའི་ཁྲིམས་འཛིན་རུ་ཁག”ཡིན་ཁུལ་གྱིས་གཏུམ་སྤྱོད་སྤྱད་ནས་བུ་ལོན་འདེད་པའི་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་ཡིན་པ་ཤེས།

    2018ལོའི་ཟླ་10ཚེས་25ཉིན་གྱི་ཐོ་རེངས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ཚའེ་ཆེ་གེ་མོས་གཙོས་པའི་ཉེས་གསོག་ཚོགས་པ་རྩ་གཏོར་བཏང་ནས་ཁོངས་མི་ལྔ་པོ་བཟུང་ཡོད།

    འཛིན་བཟུང་བྱས་པའི་ཉེས་གསོག་དོགས་ཅན་ལྔ་པོ་ནི་གོང་དུ་གླེང་བའི་ཚའེ་ཆེ་གེ་མོ་སོགས“སྤུན་གྲོགས”ལྔ་པོ་དེ་དག་རེད། ཁོང་ཚོས་ཁྲིམས་འགལ་གྱི་བྱེད་སྤྱོད་དེ་དག་བདེན་པ་དང་གནས་ལུགས་ཡོད་པའི“འཚོ་གནས་ཀྱི་ཐབས་ལམ”ཞིག་ཏུ་རྩི་བཞིན་ཡོད། 2018ལོ་ནས་བཟུང་ཚའེ་ཆེ་གེ་མོས་ཡོན་ཆེ་གེ་མོ་དང་། ཁྲེན་ཆེ་གེ་མོ། ལི་ཆེ་གེ་མོ། ཀྲོའུ་ཆེ་གེ་མོ་བཅས་རྐང་འཛིན་ཁོངས་མི་བཞི་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁུལ་གྱི་ཇ་ཁང་ཆེ་གྲས་ཁག་ཏུ་རྒྱན་པོ་འགྱེད་ཡུལ་བཙུགས་པ་དང་། སྤྱི་ཚོགས་ཐོག་གི་ལས་མེད་མི་སྣ་སྒྲིག་འཛུགས་བྱས་ནས་ཐབས་ཤེས་མང་པོ་སྤྱད་དེ་མི་མང་པོ་རྒྱན་པོ་འགྱེད་དུ་བཅུག་པ་མ་ཟད། རྒྱན་པོ་འགྱེད་མཁན་ལ་སྐྱེད་ལྕིའི་བུ་ལོན་བཏང་ནས་རྒྱན་པོ་འགྱེད་དུ་བཅུག་སྟེ་ཁེ་བཟང་བཟས་པས་ལོ་གཅིག་ལ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་བཅུ་ལྷག་ཙམ་ཡོང་གི་ཡོད།

    2018ལོའི་ཟླ་4ཚེས་10ཉིན་ཚའེ་ཆེ་གེ་མོས་ཡོན་ཆེ་གེ་མོ་དང་། ཁྲེན་ཆེ་གེ་མོ། ལི་ཆེ་གེ་མོ། ཀྲོའུ་ཆེ་གེ་མོ་བཅས་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་ཀྲུང་ཧོ་རྒྱལ་སྤྱིའི་གྲོང་དུ་གནོད་འཚེ་ཕོག་མཁན་ཧོང་ཆེ་གེ་མོར་འཇིགས་སྐུལ་གྱི་གཏམ་བཤད་དེ་རྒྱན་པོ་འགྱེད་དུས་ཆད་པའི་བུ་ལོན་འཇལ་དགོས་པའི་དབང་ཡོད་བཤད་པ་དང་། ཧོང་ཆེ་གེ་མོས་འགོག་རྒོལ་བྱས་རྗེས་ཚའེ་ཆེ་གེ་མོས་ལུས་སྦྱར་གྱི་གྲི་རིང་པོ་ཞིག་བཏོན་ནས་ཧོང་ཆེ་གེ་མོའི་མགོ་བོར་གཞུས། གནོད་འཚེ་ཕོག་མཁན་གྱིས་ཉེན་རྟོག་པར་སྙན་སེང་ཞུས་རྗེས་ཚའེ་ཆེ་གེ་མོ་སོགས་དེ་ནས་བྲོས། 2018ལོའི་ཟླ་བཞི་པ་དང་བདུན་པར་ཚའེ་ཆེ་གེ་མོས་གཙོས་པའི་ཉེས་གསོག་ཚོགས་པས་སྔ་རྗེས་སུ“གསང་བའི་ཁྲིམས་འཛིན་རུ་ཁག”ཡིན་ཁུལ་གྱིས་ཉེས་རྡུང་དང་འཇིགས་སྐུལ་སོགས་གཏུམ་སྤྱོད་བྱ་ཐབས་ལ་བརྟེན་ནས་གཞན་ལ་བུ་ལོན་ཚ་འདེད་གཏོང་རོགས་ཐེངས་གཉིས་བྱས།

    གཞུང་གཏུག་ལས་ཁུངས་ཀྱིས་རྒྱན་འགྱེད་དང་བསྙད་བརྐོ་ཟིང་སློང་གི་ཉེས་པའི་ཐོག་ནས་ཉེས་བགྲང་ཞུ་གཏུག་བྱས་པ།

    ཁྲིམས་གཏན་འཁེལ་བའི་བརྒྱུད་རིམ་བརྒྱུད། ཟླ་8ཚེས་5ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོ་སོགས་མི་ལྔ་ཡིས་རྒྱན་པོ་འགྱེད་པ་དང་བསྙད་བརྐོ་ཟིང་སློང་གི་ཉེས་པ་བསགས་པའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད།

    ཁྲིམས་རར་འདྲི་ཞིབ་བྱེད་རིང་། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་གཞུང་གཏུག་ལས་ཁུངས་ཀྱི་ཚབ་བྱས་ནས་ཉེས་བགྲང་ཞུ་གཏུག་བྱས་དོན། 2018ལོའི་ཟླ་དང་པོ་ནས་2018ལོའི་ཟླ་བཅུ་པ་བར་ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོ་དང་། ཡོན་ཆེ་གེ་མོ། ཁྲེན་ཆེ་གེ་མོ། ལི་ཆེ་གེ་མོ། ཀྲོའུ་ཆེ་གེ་མོ་བཅས་མི་ལྔ་རྟག་ཏུ་མཉམ་དུ་འཛོམས་ཏེ་ཚའེ་ཆེ་གེ་མོ་འགོ་གཙོ་དང་མི་གཞན་དག་བཞི་པོ་ཁོངས་མིར་བྱས་པའི་ནག་གཤེད་ཕྱོགས་གཏོགས་ཚོགས་པ་གྲུབ་པ་དང་། ནག་གཤེད་ཕྱོགས་གཏོགས་ཚོགས་པ་དེས་ལྷ་ས་གྲོང་ཁྱེར་ཉི་མའི་གླིང་ཕྲན་དང་པེ་ཅིང་དཀྱིལ་ལམ་སོགས་ས་ཆ་མང་པོར་བསྙད་བརྐོ་ཟིང་སློང་དང་རྒྱན་པོ་འགྱེད་པ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་ནས་ཁྲིམས་མེད་ལུགས་མེད་བྱས་པ་དང་། མི་སེར་ལ་བཙན་པོ་དབང་ཡོད་བཤད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པོ་བཟོས་ཡོད། ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོ་སོགས་ཀྱི་ཉེས་གསོག་དོན་དངོས་ཁ་གསལ་བ་དང་། དཔང་རྟགས་ཁུངས་བཙན་པས་ཁྲིམས་བཞིན་དེ་དག་གི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

    ཁྲིམས་རར་བརྟག་ཞིབ་དང་། རྩོད་གླེང་། ཞུ་སྦྱོར་ཕྱི་མའི་མཐའ་མའི་གསལ་བཤད་སོགས་བྱེད་པར་ཆུ་ཚོད་7ལྷག་ཙམ་འགོར་ཡོད། འདྲི་གཅོད་དཔོན་གྱི་འགན་འཁུར་མཁན་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་ཡོན་ཀྲང་གཞོན་པ་ལིའུ་ཡ་ཧྥེས་ངོ་སྤྲོད་བྱས་དོན། ཁྲིམས་སའི་འདྲི་གཅོད་བདེ་བླག་ཡོང་ཆེད། མཉམ་གྲོས་ཁྲིམས་སའི་ཁོངས་མིས་ཟླ་8ཚེས་2ཉིན་རྐང་བཙུགས་ནས་ཁྲིམས་ས་མ་ཚུགས་གོང་གི་ཚོགས་འདུ་འཚོགས་ཏེ་ཞུ་སྦྱོར་ཕྱི་མར་གཏུག་བཤེར་དབང་ཆ་དང་བཅའ་ཁྲིམས་ཀྱི་གཏན་འབེབས་གསལ་བཤད་བྱས་པ་དང་ཆབས་ཅིག ཁྲིམས་འགལ་དཔང་རྟགས་ཁས་མི་ལེན་པའི་འདུན་ཞུ་བྱེད་མིན་སོགས་ཀྱི་གནད་དོན་ལ་ཞུ་སྦྱོར་ཕྱི་མ་དང་དེའི་དག་འབུད་བའི་བསམ་འཆར་འདྲི་རྩད་བྱས་པ་མ་ཟད། ཁྲིམས་ར་འཚོགས་པའི་སྔོན་ཇུས་དམ་ཚགས་བཟོས་ཏེ་ཁྲིམས་རའི་འདྲི་ཞིབ་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད།

    གསར་འགོད་པས་ཟུར་ཉན་གྱི་གྲལ་གནས་ནས། གཏུག་བཤེར་མཁན་དང་དག་འབུད་མཁན་གྱིས་ཞུ་སྦྱོར་ཕྱི་མའི་ཞིབ་ཕྲའི་ཉེས་གསོག་དོན་དངོས་ལ་དམིགས་ཏེ་དཔང་རྟགས་འདོན་པ་དང་ར་སྤྲོད་བྱས་པ་མ་ཟད། གྱོད་གཞིའི་དོན་དངོས་དང་། དཔང་རྟགས། ཁྲིམས་ལུགས་འཛིན་སྤྱོད་སོགས་ཀྱི་གནད་དོན་ལ་ཁྲིམས་རའི་ཐོག་རྩེད་གླེང་བྱས་ཡོད། དེ་དང་ཆབས་ཅིག བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་གཞི་བཟོ་བའི་དོན་དངོས་དང་། དཔང་རྟགས་སོགས་ཀྱི་གནད་དོན་ལ་བསམ་འཆར་བཏོན་པ་དང་། ཁྲིམས་རར་འདྲི་གཅོད་བྱེད་རིང་ཡོངས་བསྒྲགས་དང་། ཁ་གསལ། གཞུང་དྲང་བཅས་ཡོད་པ་མཐོང་བྱུང་།

    གྱོད་གཞི་དེའི་གནས་ཚུལ་རྙོག་འཛིང་ཆེ་བ་དང་། ཞུ་སྦྱོར་ཕྱི་མའི་མི་གྲངས་མང་བའི་རྐྱེན་པས། རྗེས་སུ་དུས་ཚོད་བདམས་ཏེ་ཡོངས་བསྒྲགས་ངང་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།