[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྡེ་ཚན་མང་པོས་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གི་རྣམ་པར་མཉམ་དུ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱ་རྒྱུའི་ལས་དོན་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་། ཆུས་དང་གྲོང་ཁྱེར་གྱི་ནག་སེལ་གཞུང་དོན་ཁང་གི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་། ཁྲལ་དོན་ཅུས། སྤྱི་བདེ་ཅུས་སོགས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་ཐོག་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གནད་དོན་སྐོར་གྱི་ཐེར་འདོན་ཁུངས་སྣེར་དུས་ཐོག་ཏུ་ཞིབ་བཤེར་མཐིལ་རྟོགས་ཀྱང་བྱས་པ་རེད།

    微信图片_20190714115706_s.jpg

    འདི་ནི་ཞིབ་བཤེར་ཚོགས་ཆུང་གིས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱེད་བཞིན་པ།

    འདི་ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་ཞིབ་བཤེར་ཚོགས་ཆུང་གིས་ཡུལ་སྐོར་ལས་དོན་ཁང་གི་ལུགས་དང་མི་མཐུན་པའི་རིན་གོང་དམའ་བའི་ཡུལ་སྐོར་དང་། ཡུལ་སྐོར་གན་རྒྱ་རང་མཚམས་ཀྱིས་བཟོ་བཅོས་རྒྱག་པ། ཡུལ་སྐོར་པའི་འཛད་སྤྱོད་ལ་མགོ་སྐོར་བསླུ་བྲིད་བྱེད་པ་བཅས་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང(མགྲོན་ཁང)དང་ Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)གྱི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་འབྲེལ་ཡོད་ལས་རིགས་ཀྱི་ཚད་གཞི་དང་མཐུན་མིན། དེ་བཞིན“ཚུལ་མིན་སྣེ་ཤན་པ”དང“ཚུལ་མིན་ཚོང་ཁང” “ཚུལ་མིན་ཡུལ་སྐོར་ལས་དོན་ཁང”སོགས་ཁྲོམ་རའི་ཟང་ཟིང་གི་རྣམ་པར་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག “སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་གོང་ཞུ། སྔ་ཙམ་ཐག་གཅོད”བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་འབྲེལ་ཡོད་གཏན་འབེབས་དང་བླང་བྱར་ནན་པོར་གཞིགས་ནས་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གནད་དོན་སྐོར་གྱི་ཐེར་འདོན་ཁུངས་སྣེར་དུས་ཐོག་ཏུ་ཞིབ་བཤེར་མཐིལ་རྟོགས་བྱས་པ་རེད།

    འདི་ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་ཞིབ་བཤེར་ཚོགས་ཆུང་གིས་ཁྱོན་མཉམ་འབྲེལ་ཁྲིམས་འཛིན་ཐེངས་119བྱས་ཏེ་ཁྲོམས་འཛིན་མི་སྣ་མི་ཐེངས་274མངགས་པ་དང་། ཡུལ་སྐོར་ལས་དོན་ཁང་64དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)29 སྐར་མ་རིམ་པའི་གསོལ་མགྲོན་ཁང(མགྲོན་ཁང)40 ཡུལ་སྐོར་ཉོ་སྒྲུབ་ཚོང་ཁང་61བཅས་ལ་ཞིབ་བཤེར་བྱས་པ། དུས་བཀག་ལྟར་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་12བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས20%ཆག་པ། སྲིད་འཛིན་ཆད་པ་2དང་དངུལ་ཆད་སྒོར་6000བཏང་བ། ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་36གནས་སྐབས་བཀག་ཉར་བྱས་པ། ཐེར་འདོན་ཁུངས་སྣེ་4ལ་ཞིབ་བཤེར་མཐིལ་རྟོགས་བྱས་པ་།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ཡུལ་སྐོར་ཁྲོམ་རའི་བཅོས་སྒྲིག་ལས་དོན་གྱི་བླང་བྱ་གཞིར་བཟུང་ཡུལ་སྐོར་ཁྲོམ་རའི་མཉམ་འབྲེལ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་ཚན་པའི་ལས་ཀའི་འགན་འཁྲི་དང་ལས་འགན་ཞིབ་ཚགས་དང་ཁ་གསལ་བཟོ་བ། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ལས་ཀའི་བྱེད་ཐབས་སྤྱད་དེ་ཡུལ་སྐོར་ཁྲོམ་རའི་བཅོས་སྒྲིག་དང་ཞིབ་བཤེར་གྱི་ལས་དོན་གཏིང་ཟབ་སྤེལ་ནས་ཡུལ་སྐོར་ལས་རིགས་ཚད་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་ཏེ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ལྷ་སའི་ཡུལ་སྐོར་ཁྲོམ་རའི་རྣམ་པ་ཡག་པོ་ཞིག་གཏོད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།