[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆུ་ཐོག་ཏུ་དམག་སྦྱོང་བྱས་པ།

    ལྷ་སའི་མེ་ཟོན་གྱིས་ཆུ་ཐོག་ཏུ་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-18

    gongrq9685_s.jpg

    ལྷ་ས་གྲོང་ཁྱེར་གྱིས་ཉེ་དུས་བསྟུད་མར་ཆར་པ་བབས་པ་དང་། སྐབས་རེ་ཆར་པོ་ཆེན་པོ་བབས་པ། ལྷ་ས་སྐྱིད་ཆུའི་ཆུ་ལམ་རྒྱ་ཆེར་བཏང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་འབྲིང་གཉིས་པས་འཕྲལ་མར་བཀོད་སྒྲིག་གིས་རུ་འབྲིང་སྒྲིག་འཛུགས་བྱས་ཤིང་། ཆུ་ཐོག་རོགས་སྐྱོབ་མི་སྣས་མིག་སྔའི་ལྷ་ས་གྲོང་ཁྱེར་གྱི་ཆུ་ཐོག་རོགས་སྐྱོབ་གནས་བབ་དང་དེ་སྔའི་ཆར་ཆུ་མང་བའི་དུས་ཀྱི་ཆུ་ཐོག་རོགས་སྐྱོབ་ཀྱི་ཉམས་མྱོང་དང་ཟུང་འབྲེལ་གྱིས་ལྷ་ས་སྐྱིད་ཆུའི་ཆུ་ཁ་རྒྱས་ཚུལ་དང་གྲོང་ཁྱེར་གྱི་ཞོད་སྐྱོན་གྱི་གནོད་འཚེའི་ཁྱད་ཆོས་ལ་ཞིབ་གཅོད་དབྱེ་ཞིབ་དང་། ཆུ་ཐོག་དང་དེ་བཞིན་གྲོང་ཁྱེར་གྱི་ཞོད་སྐྱོན་གཙོ་གནད་རོགས་སྐྱོབ་ས་ཁོངས་དབྱེ་འབྱེད་ལུགས་མཐུན་བྱེད་པ། རོགས་སྐྱོབ་ཀྱི་སྔོན་ཇུས་ཚན་རིག་དང་མཐུན་པའི་ངང་བཟོས་པ་བཅས་བྱས་ཁར། ཐོལ་བྱུང་དང་འཕྲལ་སྡོམ་རོགས་སྐྱོབ་དོན་རྐྱེན་དམ་འཛིན་བྱ་གཞིར་བྱས་ནས་རོགས་སྐྱོབ་ཀྱི་བདེ་འཇགས་སློབ་གསོ་སྔར་བས་ཤུགས་ཆེར་གཏོང་བ་དང་། རོགས་སྐྱོབ་ཀྱི་གོམ་སྟབས་དང་བྱེད་ཐབས་ཚད་ལྡན་བཟོ་བ། ཆུ་ཐོག་ཏུ་དམག་འཐབ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལྷ་སའི་ཆར་དུས་རིང་གི་ཆུ་ཐོག་རོགས་སྐྱོབ་དང་ཞོད་སྐྱོན་སྔོན་འགོག་གི་ལས་འགན་ནུས་ཆེ་དང་བདེ་འཇགས་ངང་ཐག་གཅོད་ཐུབ་པར་བྱས་པ་རེད།

    gongrq9681_s.jpg

    ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་འབྲིང་གཉིས་པས་ཉེ་བའི་ལོ་ཤས་ནང་ཆུ་ཐོག་རོགས་སྐྱོབ་དང་ཆུ་ལོག་སྔོན་འགོག་གི་དཔེ་མཚོན་གྱི་རོགས་སྐྱོབ་གྱོད་གཞིར་ཞིབ་དཔྱད་བྱས་ཏེ་ལྷ་ས་སྐྱིད་ཆུའི་ཡན་ལག་ཆུ་བོའི་རྒྱུག་ཁུལ་གསལ་པོ་མེད་པ་དང་། ཆུ་ཁོངས་རྒྱ་ཆེ་བ། ཆུ་རྒྱུན་དྲག་ཏུ་བབས་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཆུ་ཐོག་ཏུ་རོགས་སྐྱོབ་བྱེད་པའི་ལས་འགན་ནང་སྦྱོང་བྱས་པ་དང་། ཆུ་ཐོག་གི་ལས་འཛོལ་དང་ཞོད་སྐྱོན་གྱི་གནོད་འཚེ་འདྲ་བཟོ་བྱས་ཏེ་ཆུ་ཐོག་དང་སྐམ་ཐོག་གཉིས་སྐྱོད་ཀྱི་འཚོ་སྡོད་རླུང་གྲུ་ནས་ཐག་པ་དབྱུགས་ཏེ་རོགས་སྐྱོབ་བྱེད་པ་དང་། མི་གཅིག་གིས་ཆུ་ཐོག་ནས་མི་སྐྱོབ་པ། མི་མང་པོས་ཆུ་ཐོག་ནས་མི་སྐྱོབ་པ། ཆུ་འོག་ནས་འཚོལ་སྐྱོབ་བྱེད་པ། ཆུ་ཁོངས་སུ་དྲ་བ་བསྐོར་ཏེ་མི་སྐྱོབ་པ་སོགས་ནང་སྦྱོང་བྱས་པ་མ་ཟད། དེ་སྔའི་རོགས་སྐྱོབ་ཀྱི་ཉམས་མྱོང་དང་ཟུང་འབྲེལ་གྱིས་རོགས་སྐྱོབ་ཀྱི་བརྒྱུད་རིམ་ཁྲོད་འཕྲད་སྲིད་པའི་གནས་ཚུལ་སྣ་ཚོགས་ལ་སྦྱོང་བརྡར་བྱས་པ་རེད།

    gongrq9682_s.jpg

    གཞན་ཡང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དམིགས་བསལ་ལས་སྒྲུབ་རུ་འབྲིང་གཉིས་པས་ད་དུང་ཆུ་ཐོག་ནས་མི་སྐྱོབ་མཁན་གྱི་ཆུ་རྐྱལ་ལ་ཚད་ལེན་ཚོད་ལྟ་དང་། གྲུ་གཟིངས་མགོ་རྟིང་ལོག་རྗེས་རང་སྐྱོབ། ཆུ་འོག་ཏུ་ཛ་དྲག་ངང་གྱོན་ཆས་ཕུད་པ་སོགས་ནང་སྦྱོང་བྱས་ཏེ་རོགས་སྐྱོབ་རུ་ཁག་གི་དངོས་འཐབ་འཇོན་ཐང་དང་ཆུ་ཐོག་རོགས་སྐྱོབ་བྱེད་རིང་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་སྟེ། རོཌ་སྐྱོབ་མི་སྣའི་བདེ་འཇགས་ཐག་གཅོད་དང་རོགས་སྐྱོབ་བརྒྱུད་རིམ་མྱུར་ལ་ནུས་པ་ཆེ་བ་བཅས་འགན་ལེན་བྱས་པ་རེད།

    gongrq9683_s.jpg

    མིག་སྔར་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་འབྲིང་གཉིས་པའི་ཆུ་ཐོག་རོགས་སྐྱོབ་དཔུང་ཁག་གིས་གྲ་སྒྲིག་ཨང་བསར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ལས་འགན་ལེགས་སྒྲུབ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཆུ་ལོག་སྔོན་འགོག་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་བདེ་འཇགས་ངང་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྤེལ་བཞིན་ཡོད་པ་རེད།

    gongrq9684_s.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།