[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • གྲྭ་བཞི་མངགས་གཏོང་ཁང་བདེ་འཇགས་རུ་འབྲིང་གིས་རྒྱན་འགྱེད་གྱོད་གཞི་ཞིག་རྩད་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཉེ་ཆར། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་གྲྭ་བཞི་མངགས་གཏོང་ཁང་བདེ་འཇགས་རུ་འབྲིང་ལ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཤག་ཐོག་ཁང་ཞིག་ཏུ་མི་མང་པོ་འདུ་འཛོམས་བྱས་ནས་རྒྱན་པོ་འགྱེད་ཀྱི་འདུག་ཅེས་པའི་མང་ཚོགས་ཀྱི་ཐེར་འདོན་ཁ་པར་འབྱོར་བ་རེད། དེ་རྗེས་མངགས་གཏོང་ཁང་གིས་ལམ་སེང་ཉེས་རྟོག་པ་ཐེར་འདོན་བྱེད་སར་རྟག་དཔྱད་བྱེད་པར་མངགས་པ་དང་འབྲེལ། རྒྱན་པོ་འགྱེད་ས་ནས་རྒྱན་འགྱེད་མཁན་8བཟུང་ཞིང་། རྒྱན་འགྱེད་དངུལ་སྒོར་41100གཞུང་བཞེས་བཏང་བ་རེད།

    བརྟག་ཞིབ་བྱས་པ་བརྒྱུད་། ནོར་ཆེ་གེ་མོ་དང་། ཀྲའུ་ཆེ་གེ་མོ། ཧོ་ཆེ་གེ་མོ། ཏིང་ཆེ་གེ་མོ་བཅས་མི་བཞི་ཡིས་སྤྱི་ཤག་ཐོག་ཁང་དུ་རྒྱན་པོ་འགྱེད་པའི་ཁྲིམས་འགལ་དོན་དངོས་ངོས་ལེན་བྱས་ཡོད། ཀྲང་ཆེ་གེ་མོ་དང་། ཁྲེན་ཆེ་གེ་མོ། སུང་ཆེ་གེ་མོ། ལིའུ་ཆེ་གེ་མོ་བཅས་མི་བཞི་ཡིས་སྤྱི་ཤག་ཐོག་ཁང་དུ་སི་ཁྲོན་གྱི་ཤོག་བུའི་མཱ་ཅང་བརྒྱབ་ནས་རྒྱན་པོ་འགྱེད་པའི་ཁྲིམས་འགལ་དོན་དངོས་ངོས་ལེན་བྱས་པ་རེད། མིག་སྔར། མངགས་གཏོང་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་བཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་གོང་གསལ་གྱི་རྒྱན་འགྱེད་ལ་ཞུགས་མཁན་8ལ་སྲིད་འཛིན་བཀག་ཉར་ཉིན་བཅུ་དང་དངུལ་ཆད་སྒོར་500གཏོང་བའི་ཐག་བཅད་པ་དང་། རྒྱན་འགྱེད་དངུལ་སྒོར་41100དང་གློག་གི་མཱ་ཅང་སྒྲོག་ཙེ་གཅིག་གཞུང་བཞེས་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།