[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ནག་གཤེད་དང་འབྲེལ་བའི་བྲོས་བྱོལ་མི་སྣ་ཞིག་འཛིན་རོགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་སྤྱི་བདེ་ཅུས་ལ་ནག་གཤེད་ཀྱི་གྱོད་གཞི་དང་འབྲེལ་བའི་བྲོས་བྱོལ་གཏེ་པོ་ཞིག་འཛིན་རོགས་བྱས་ཏེ། ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་སླར་ཡང་གྲུབ་འབྲས་གསར་པ་བཏོད་པ་དང་། ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་སྤྱི་བདེ་ཅུས་ཀྱིས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ལ《ཐུགས་རྗེ་ལེགས་འབུལ》གྱི་འཕྲིན་ཡིག་སྤྲིངས་ཡོད་པ་རེད།

    འདི་ལོའི་ཟླ་4པར། ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་ཀྱི་ནག་གཤེད་ཀྱི་གྱོད་གཞི་དང་འབྲེལ་བའི་ཉེས་ཅན་གཏེ་པོ་ཝུའུ་ཆེ་གེ་མོ་ཆབ་མདོ་གྲོང་ཁྱེར་གྱི་ཁོངས་སུ་བྲོས་པས། ཆི་ཅང་ཆུས་སྤྱི་བདེ་ཅུས་ཀྱིས་ཆེད་དོན་གྱོད་དོན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་དུ་འཛིན་པའི་ལས་དོན་སྤེལ་བ་རེད། དེའི་རིང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མི་སྣ་དང་ལག་རྩལ་སོགས་ཀྱི་ཕྱོགས་ནས་གཞོགས་འདེགས་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་དང་། ཉེས་དོན་ཉེན་རྟོག ལག་རྩལ་མྱུལ་ཞིབ། དྲ་རྒྱའི་བདེ་འཇགས། གསང་འཕྲིན་ལྟེ་གནས་སོགས་ཀྱི་སྡེ་ཚན་མང་པོ་འཛིན་པའི་ལས་དོན་ལ་ཞུགས་པ་རེད། ཟླ་4ཚེས་23ཉིན། མཉམ་འབྲེལ་ཆེད་དོན་གྱོད་དོན་ཚོགས་ཆུང་གིས་ཆབ་མདོ་གྲོང་ཁྱེར་ནས་ཝུའུ་ཆེ་གེ་མོ་བདེ་བླག་ངང་བཟུང་བ་རེད།

    ལེགས་གྲུབ་བྱུང་བའི་ཐེངས་འདིའི་མཉམ་དུ་འཛིན་པའི་བྱ་སྤྱོད་ལས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་ཡོངས་ཀྱི་ལྟ་བ་དང་། ཁྱོན་ཡོངས་ཀྱི་ལྟ་བ། ཉམས་སད་ཐེག་པའི་ལས་སྒོའི་བྱང་ཚད་དང་ཁྱད་འཕགས་ཀྱི་ལག་བསྟར་འཇོན་ཐང་་མཚོན་ནས། རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཟུགས་བརྙན་བཟང་པོ་མངོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།