[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཕོ་བྲང་པོ་ཏ་ལར་མེ་གསོད་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    liy95181.jpg

    འདི་ནི་མེ་ཟོན་དཔོན་དམག་གིས་ཆུ་གཏོར་ནས་མེ་གསོད་བཞིན་པ།

    ལྗོངས་ཡོངས་ཀྱི་དགོན་སྡེའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་དགོན་སྡེའི་རིག་དངོས་དང་གནའ་བོའི་འཛུགས་སྐྲུན་ལ་མེ་སྐྱོན་བྱུང་རིགས་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་སྤྱི་ཚོགས་འཕྲལ་སྡོམ་མཉམ་འགུལ་ཚན་པའི་མཉམ་སྒྲུབ་ལམ་སྲོལ་ལ་ཞིབ་དཔྱད་བྱེད་ཆེད། ཟླ་5ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་7དང་སྐར་མ་30ལ་ཕོ་བྲང་པོ་ཏ་ལར་དགོན་སྡེའི་རིག་དངོས་དང་གནའ་བོའི་འཛུགས་སྐྲུན་ལ་མེ་སྐྱོན་བྱུང་རིགས་ཐག་གཅོད་བྱེད་པའི་དངོས་འཐབ་ནང་སྦྱོང་བྱས་པ་དང་། ད་ཐེངས་ཀྱི་ནང་སྦྱོང་རིང་། མེ་གསོད་རླངས་འཁོར་11བཏང་བ་དང་། མེ་ཟོན་བཀོད་འཐབ་པ་44ཞུགས་ཡོད་པ་རེད།

    ནང་སྦྱོང་ཁྲོད་དུ། 2019ལོའི་ཟླ་5ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་7དང་སྐར་མ་30ལ་ཕོ་བྲང་པོ་ཏའི་ཤར་ངོས་སུ་གནས་པའི་ཤར་ཆེན་རུང་ཁང་ལ་ཡིད་གཟབ་མ་བྱས་པའི་རྐྱེན་གྱིས་མེ་སྐྱོན་བྱུང་ཞིང་། ཤིང་ཆ་གཙོ་བོར་མེ་མཆེད་པ་དང་མི་ལ་ཉེན་ཁ་ཕྲད་མེད་པའི་ཆ་བཞག་པ་རེད། མེ་སྐྱོན་བྱུང་རྗེས། ཕོ་བྲང་པོ་ཏ་ལའི་འོས་འགན་མེ་ཟོན་རུ་ཁག་གིས་འཕྲལ་མ་ཉིད་དུ་མེ་ཟོན་རྒྱང་བསྒྲགས་ནང་ཁ་འགྲེམས་དགོས་པའི་བརྡ་ཐོ་བཏང་ནས་མི་སྣ་ཁ་འགྲེམས་ཕྱིར་འཐེན་བྱེད་པར་ཁྲིད་སྟོན་བྱས་པ་དང་འབྲེལ། ཉེ་འགྲམ་གྱི་མེ་ཟོན་སྒྲིག་ཆས་དང་ཡོ་ཆས་སྤྱད་དེ་མེ་ཟོན་ལས་ལ་བྲེལ་བ་རེད།

    ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་འབྲིང་གི་ལས་སྒྲུབ་པན་གྱིས་མྱུར་དུ་ཆུ་སྦུག་དྲངས་ནས་མེ་སྐྱོན་ཚོད་འཛིན་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མེ་ཟོན་རུ་འབྲིང་དང་པོ་དང་། སྣེའུ་མེ་འཁོར་འབབ་ཚུགས་མེ་ཟོན་རུ་འབྲིང་། དམིགས་བསལ་ཞབས་འདེཌ་རུ་འབྲིང་བཅས་ཀྱི་རོགས་སྐྱོར་པ་འབྱོར་རྗེས། འོས་འགན་མེ་ཟོན་རུ་ཁག་གི་དུས་འགོའི་ཐག་གཅོད་དང་། མེ་ཟོན་རོགས་སྐྱོབ་ཀྱི་གཏོགས་ཁོངས་བཀོད་འདོམས། རོགས་སྐྱོར་སྟོབས་ཤུགས་མང་དུ་བཏང་སྟེ་མཉམ་ལས་གཞོགས་འདེགས་དང་མཉམ་དུ་ཐག་གཅོད་བཅས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    ནང་སྦྱོང་བྱེད་རིང་། རིམ་ཁག་བཀོད་འདོམས་ནུས་ཕྱོད་ཆེ་ལ་བདེ་བླག་བྱུང་ཡོད་པ་མ་ཟད། སྡེ་ཚན་ཁག་གིས་སོ་སོའི་ལས་འགན་གཙང་སྒྲུབ་བྱས་པས། རིམ་པ་ཁ་གསལ་ལ་བཀོད་འདོམས་ནུས་ཆེའི་དམག་འཐབ་བཀོད་འདོམས་མ་ལག་ཅིག་ཆགས་པ་དང་། ཉེན་བརྡ་འབྱོར་འཕྲལ་རོགས་སྐྱོབ་རུ་ཁག་གིས་རོགས་ལས་གཞོགས་འདེགས་བྱས་ནས་གོ་རིམ་ལྡན་པའི་ངང་ལས་དོན་སྤེལ་བས་སྟོབས་ཤུཌ་གཅིག་སྒྲིལ་གྱིས་མྱུར་སྐྱོབ་ཐུབ་པ་མ་ཟད། དམག་འཐབ་ཀྱི་རྒྱབ་ཕྱོགས་མཁོ་འདོན་དུས་ཐོག་ཏུ་འགན་ལེན་ཐུབ་པ་དང་འཕྲིན་གཏོང་ཡག་པོ་བྱུང་ནས། ཐེངས་འདིའི་ནང་སྦྱོང་ལ་སྔོན་དཔག་གི་ཕན་འབྲས་ཐོབ་ཡོད་པ་རེད།

    ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་འབྲིང་གི་རུ་དཔོན་བྱམས་པ་ཆོས་འཕེལ་གྱིས། ཐེངས་འདིར་གཙོ་བོར་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དུས་སྐབས་རིང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའི་མེ་ཟོན་ས་ཚིགས་ཆུང་གྲས་དང་དེའི་མཐའ་འཁོར་གྱི་མེ་ཟོན་རུ་འབྲིང་ཁག་དང་མཉམ་དུ་དངོས་འཐབ་ལད་ཟློས་ནང་སྦྱོང་བྱས་ནས། མཉམ་སྒྲུབ་མཉམ་འགུལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཆབས་ཅིག ཕོ་བྲང་པོ་ཏ་ལའི་སྤྱི་ཡོངས་ཀྱི་མེ་ཟོན་ཐག་གཅོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་ཆེད་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།