[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཉིང་ཁྲི་གྲོང་ཁྱེར་གྱི་དུག་རྫས་སྔོན་འགོག་སློབ་གསོའི་ལས་དོན་ཚད་ལྡན་ཅན་དང་གཡུལ་ས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-07

    zhoumj9458_s.jpg

     འདི་ནི་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞིར་སློབ་ཕྲུག་ཚོས་དུག་འགོག་དྲིལ་བསྒྲགས་པར་རིས་ལ་ལྟ་བཞིན་པ།

    ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་དུག་འགོག་སྡེ་ཚན་གྱིས་ནོར་སྲིད་དང་དེ་བཞིན་གོང་རིམ་དུག་འགོག་ལས་ཁུངས་ལ་མཐུན་སྦྱོར་ཧུར་ཐག་བྱས་ཏེ། དུག་འགོག་ལ་གྲོན་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད། དུག་རྫས་སྔོན་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་དྲིལ་བསྒྲགས་ཡིག་རིགས་སྣ་ཚོགས་བཟོ་ཆེད། དུག་འགོག་དྲིལ་བསྒྲགས་ཀྱི་གྲོན་དངུལ་2017ལོའི་སྒོར་ཁྲི་30ནས་2019ལོའི་འཆར་གཞིའི་སྒོར་ཁྲི་50ལྷག་ཙམ་བར་མང་དུ་བཏང་བ་དང་ཆབས་ཅིག སློབ་གྲྭའི་དུག་འགོག་དགེ་རྒན་དང་དེ་བཞིན་དང་བླངས་པ་གསོ་སྐྱོང་བྱེད་ཤུགས་དང་། དུག་འགོག་དཔུང་ཁག་གི་རྒྱ་སྟོབས་ཀྱང་ཆེ་རུ་བཏང་བ་རེད། མིག་སྔར་གྲོང་ཁྱེར་ཡོངས་སུ་སློབ་གསོའི་དགེ་རྒན་དང་དེ་བཞིན་དྲིལ་བསྒྲགས་དང་བླངས་པ་ཁྱོན་300ལྷག་ཙམ་ཡོད་པ་རེད།

    དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་དུག་འགོག་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་གཞི་རྟེན་ནུས་ལྡན་ཞིག་ལ་བརྩིས་ཏེ། ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་དྲིལ་བསྒྲགས་ཀྱི་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་2018ལོར་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། རྟེན་གཞིས་པར་རིས་ངོ་སྤྲོད་དང་། དངོས་རྫས་འགྲེམས་སྟོན། འདྲ་བཟོས་ཉམས་ལེན་བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ལྟད་མོ་བར་ཉམས་མྱོང་དངོས་ཀྱི་ཐོག་ནས་དུག་འགོག་ལས་དོན་ཁྱབ་གདལ་བཏང་བ་དང་། མང་ཚོགས་མི་ཐེངས་3000ལྷག་ཙམ་གྱིས་ལྟ་སྐོར་ཐེངས་50ལྷག་ཙམ་བྱས་ཏེ། མང་ཚོགས་ཀྱིས་དུག་འགོག་ལས་དོན་ལ་རྒྱུས་མངའ་ལོན་ཚད་དང་ཡིད་མོས་བྱེད་ཚད་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་དུག་འགོག་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ནས་དུག་རྫས་སྔོན་འགོག་སློབ་གསོའི་ལས་དོན་ཚད་ལྡན་ཅན་དང་གཡུལ་ས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

    དུག་འགོག་དྲིལ་བསྒྲཌ་ཀྱི“ཁྱབ་སྤེལ་བདུན”གཙོ་གནད་དུ་བྱས་ཏེ་དུག་འགོག་སྔོན་འགོག་བྱ་རྒྱུ་དེ་ཕྱོགས་ཡོངས་སུ་ཁྱབ་པར་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གཞུང་ལས་ཁང་གིས་སློབ་འགོ་ཚུགས་པའི་གོ་སྐབས་དམ་འཛིན་གྱིས་སློབ་གསོའི་སྡེ་ཚན་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཁག་སྒྲིག་འཛུགས་བྱས་ཏེ། དུག་འགོག་དྲིལ་བསྒྲགས་ཀྱི་པར་གཞི་ལྟ་བ་དང་། དུག་འགོག་གི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱེད་པ། ཆེད་དོན་དུག་འགོག་གི་སློབ་ཚན་ཉན་པ། བརྗོད་དོན་གཙོ་བོའི་འཛིན་ཚོགས། དུག་འགོག་ཤེས་བྱ་འགྲན་བསྡུར་གྱི“གཅིག་རེ་ལྔའི”བྱེད་སྒོ་སྤེལ་བ་བཅས་ཀྱི་ཐོག་ནས་སློབ་འགོ་ཚུགས་པའི“སློབ་ཚན་དང་པོ”ཡག་པོ་ཞིག་འཚོགས་པ་རེད།

    གྲོང་ཚོ་དང་གྲོང་རྡལ་དུ་དྲིལ་བསྒྲགས་བྱེད་རིང་ཁྲིམས་སྐྱོང་སློབ་གསོ་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་གོ་སྐབས་སུ་བྱས་ནས་དུག་འགོག་དྲིལ་བསྒྲགས་ཀྱི་པར་རིས་འགྲེམས་སྟོན་དང་། གྲོང་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པས་ཐུན་མོང་ཐོག་མང་ཚོགས་ལ་དུག་རྫས་ཀྱི་གནོད་འཚེ་དྲིལ་བསྒྲགས། དུག་འགོག་ཤེས་བྱ་ཁྱབ་གདལ། དུག་རྫས་གསར་པའི་རིགས་ཀྱི་རྒྱུན་ཤེས་དང་གནོད་འཚེ་གསལ་འགྲེལ་ཞིབ་ཚགས། དུག་འགོག་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་དམངས་ཡོངས་དུག་འགོག་ནང་ཞུགས་པའི་ཁོར་ཡུག་བཟང་བོ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།