[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • “ལྗང་མདོག་གི་དམག་ལྭ”ནི་ཚེ་གང་གི་གཟི་བརྗིད་ཡིན།

    ​བོད་ལྗོངས་ནག་ཆུ་དམག་ཁུལ་ཡན་ལག་ཁང་གི་དམག་མི་སློབ་གྲྭ་ཆེ་མ་བ་ཚའེ་ཅིང་ཡང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-30

    ཉི་མ་ལ་ཁར་བཞུད་ལ་ཉེ་བའི་མཚམས་སུ་རྩྭ་ཐང་གི་སྦྲ་གུར་དག་ལས་དུ་བ་སྔོ་ལྷོག་ལྷོག་དུ་འཕྱུར་ཞིང་། ནོར་ལུག་ཁྱུ་དང་ཁྱུ་ཡིས་ཕྱུགས་རྫིའི་བཀོད་འདོམས་འོག་ལྷས་རར་ལོག་བཞིན་མཆིས། ཚའེ་ཅིང་ཡང་གིས་རྒྱུན་ལྡན་དང་འདྲ་བར་ནག་ཆུ་དམག་ཁུལ་ཡན་ལག་ཁང་གི་རྡོ་སྐས་ཐོག་བསྡད་ནས་སྙན་རྩོམ་ལ་ལྟ་ཞོར་དུ་རང་ཉིད་གནས་སའི་གངས་ལྗོངས་ས་མཐོར་རྒྱང་ལྟ་བྱེད་སྐབས་བློ་ཡི་ཡུལ་ལ་འཆར་སྒོ་ཇི་སྙེད་ཅིག་བྱུང་།

    ཚའེ་ཅིང་ཡང་ནི་དམག་མི་སློབ་གྲྭ་ཆེ་མོ་བ་ཞིག་ཡིན་པ་དང་2017ལོའི་ཟླ་12པར་ནག་ཆུ་དམག་ཁུལ་ཡན་ལག་ཁང་དུ་ཞུགས།

    བོད་དུ་མ་ཡོང་གོང་ནས་ཚའེ་ཅིང་ཡང་གིས་འདི་གའི“གཡའ་དག་པའི་ནམ་མཁའ་དང་། སྤྲིན་དཀར་པོ། དྭངས་ཤིང་གཙང་བའི་མཚེའུ། དབྱར་གྱི་སྐལ་བཟང་མེ་ཏོག ས་ཕྱོགས་ཁག་གི་དད་ལྡན་པ་སོགས་ལ”ཡིད་སྨོན་ཆེན་པོ་བྱེད་ཅིང་། སྐབས་དེ་དུས་ལོ་19ཡིན་པའི་ཚའེ་ཅིང་ཡང་གིས་ཕ་མའི་མངགས་བཅོལ་ཡིད་ལ་བཅངས་ཤིང་། ཉན་བྱེད་འཕྲུལ་ཆས་ལས་གླུ་གཞས《མཚོ་བོད་ས་མཐོ》ཞེས་པ་ཉན་གྱིན་དུ་ཀུའེ་ཀྲོའུ་ཙུན་དབྱི་དགེ་འོས་སློབ་གླིང་ནས་བྲལ་ཏེ་བོད་དུ་སྐྱོད་པའི་ལམ་ལ་ཆས།

    སླེབས་མ་ཐག་པའི་སྐབས་ཀྱི་སྤྲོ་བ་ལས་ཚའེ་ཅིང་ཡང་གིས་མཐའ་མཚམས་ཀྱི་དཀའ་སྡུག་ལ་སྣང་བ་བྱུང་མེད། བོད་ཀྱི་ནག་ཆུའི་ས་ཆ་མང་ཆེ་བའི་ས་བབ་4500ཡན་ཡིན་པ་དང་། མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་ནང་སའི་ཕྱེད་ཀ་ཙམ་ཡང་ཟིན་གྱི་མེད་པའི“དཀའ་ཚེགས་ཅན་གྱི་ཡུལ”ས་ཆ་འདི་ནས་ཚའེ་ཅིང་ཡང་གིས་མི་ཚེའི་འགྲུལ་བཞུད་གསར་པ་ཞིག་འགོ་ཚུགས་པ་དང་། བོད་ལའང་ལྟ་སྟངས་གསར་པ་ཞིག་བྱུང་ཡོད།

    2017ལོའི་ཟླ་12ཚེས་16ཉིན་ཏེ་ལེན་ཏུའེ་ལ་སླེབས་པའི་ཉིན་དང་པོར་དྲག་རླུང་འུར་འུར་དུ་ལྡང་བ་དང་གསོ་རླུང་དཀོན་པས་གཟུགས་པོ་མི་བདེ་བ་བྱུང་ཡོད། ཡིན་ནའང་དམག་མིར་ཞུགས་པའི་སེམས་ཤུགས་ལ་བརྟེན་ནས་དཀའ་སྤྱད་སྡུག་རུས་བྱས་ཤིང་། ཁོང་གིས“ངས་དཀའ་སྡུག་ཐམས་ཅད་ཁྱད་བསད་བྱེད་དོན་ནི་དམག་ལྭ་གྱོན་ཐུབ་པའི་ཆེད་དུ་ཡིན། དམག་ལྭ་གྱོན་ཐུབ་ན་དེ་ནི་ཚེ་གང་གི་གཟི་བརྗིད་རེད”ཅེས་བརྗོད།

    ཡིན་ནའང་དུས་ཚོད་གང་འཚམས་སོང་རྗེས་དྲག་རླུང་འུར་འུར་དུ་ལྡང་བའི་ས་ཆ་སྐྱོ་པོ་དེ་ནས་ཚའེ་ཅིང་ཡང་གི་སེམས་ཤུགས་རིམ་བཞིན་ཉམས།

    ཚའེ་ཅིང་ཡང་གི་འགྱུར་ལྡོག་དེ་དག་ལོ་30ལ་སླེབས་པའི་པན་ཀྲང་རྒན་པ་ཝང་ཆིང་གིས་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། སེམས་སུ་བརྟན་པོར་ངེས་ཡོད། ཚའེ་ཅིང་ཡང་མཚན་མོའི་སྡོད་བྱ་དང་པོ་བྱེད་པའི་སྐབས་དང་བསྟུན་ནས་ཝང་ཆིང་གིས་ཁོ་པར་སྙིང་གཏམ་ལྷུག་པོར་བཤད་པ་དང་། རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་གཞོན་པ་དེའི་སེམས་ཤུགས་འཕེལ་ཐབས་བྱས།

    ཚའེ་ཅིང་ཡང་གིས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་སླར་ཡང་རྙེད་པས། དགོང་མོ་དེ་ནམ་ཡང་བརྗེད་ཐབས་བྲལ།

    དགུན་དུས་ཤིན་ཏུ་གྲང་ངར་ཆེ་བའི་ཐོ་རེངས་ལ་དྲག་རླུང་ཆད་མེད་དུ་ལྡང་བས། ཚའེ་ཅིང་ཡང་གིས་གྱོན་གོས་ཀྱིས་ལུས་པོ་ཇི་ལྟར་བཏུམས་ཀྱང་གྲང་ངད་ཤིན་ཏུ་ཆེ་བས་རྐང་ལག་ལ་ཚོར་བ་མེད་པར་འགྱུར།

    ཚའེ་ཅིང་ཡང་གི་ངར་ཤུགས་འཕེལ་ཆེད། ཝང་ཆིང་གིས་རང་ཉིད་ལ་པན་ཀྲང་སྔོན་མས་བཤད་པའི་སྐད་ཆ་སྟེ། “ལང་ཚོའི་སྐབས་སུ་འབད་འཐབ་བྱེད་དགོས། ད་ལྟ་འབད་འཐབ་དང་འབད་བརྩོན་བྱས་ན། རང་གིས་མྱོང་བའི་དཀའ་སྡུག་དག་ལས་མི་ཚེ་གཅིག་ལ་ཕན་པ་ཐོབ་པ་མ་ཟད། ཚེ་གང་རིང་གི་རྒྱུ་ནོར་རྩ་ཆེན་དུ་འགྱུར་ངེས། རང་ཉིད་རྒས་དུས་སྔོན་མའི་དཀའ་སྡུག་མྱངས་པར་གནོངས་འགྱོད་ཡོད་མི་སྲིད་ལ། དེ་ལས་ལྡོག་སྟེ་སྐབས་དེར་འབད་འཐབ་བྱེད་མྱོང་བའི་ལང་ཚོར་སྤོབས་སེམས་སྐྱེས་ཐུབ”ཅེས་བཤད།

    མ་གཞི་ཚའེ་ཅིན་ཡང་གིས་ད་ཆ་སྐད་ཆ་དེའི་དོན་སྙིང་ངོ་མ་ཤེས་རྟོགས་ཐུབ་མེད་མོད། “ལང་ཚོར་གནོངས་འགྱོད་མེད་པ་དང་དམག་མི་བྱས་ན་གནོངས་འགྱོད་མེད”ཅེས་པའི་སྐད་ཆ་དེས་ཁོང་ལ་ལྕག་སྐུལ་ཐེབས་ཏེ་ས་མཐོར་སྡོད་རྒྱུའི་སེམས་ཤུགས་ཆེས་ཆེར་འཕེལ།

    “གཅིག་བྱས་ན་དཀའ་ཚེགས་ཧ་ཅང་ཆེ་བ་དང་། ཡང་གཅིག་བྱས་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་སྲིད། འོན་ཀྱང་གནས་འདིར་ངེས་པར་དུ་མི་སྡོད་དགོས། མི་གཞན་ས་འདིར་ཡོང་འདོད་མེད་པས་ང་རང་སླེབས་པ་ཡིན”ཞེས་ཚའེ་ཅིན་ཡང་གིས་དམག་མི་བྱེད་པའི་དོན་སྙིང་གཞན་ཞིག་ཤེས་རྟོགས་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།