[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དྲག་ཆར་རླུང་འཚུབ་ལ་མི་འཛེམ་པའི་བདེ་འཇགས“སྲུང་སྐྱོང་བ”

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གནའ་གྲོང་རུ་ཆེན་གྱི་མིག་དམར་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-23

    613406_yis_1555476100316.jpg

    འདི་ནི་ཞོགས་པར་ཧའེ་ཁྲེང་སློབ་ཆུང་གི་སྒོ་འགྲམ་དུ་ལས་སྒྲུབ་བྱེད་བཞིན་པའི་མིག་དམར་ཚེ་རིང་ཡིན་པ།

    613412_yis_1555476101548.jpg

    ཧའེ་ཁྲེང་སློབ་ཆུང་གི་སློབ་མ་དང་། ཁྱིམ་བདག དགེ་རྒན་བཅས་ཀྱི་སེམས་ནང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི“སྲུང་སྐྱོང་བ”མིག་དམར་ཚེ་རིང་།

    613407_yis_1555476100503.jpg

    འདི་ནི་ཉིན་དགུང་མིག་དམར་ཚེ་རིང་གིས་སློབ་མར་གཞུང་ལམ་སྒྲོལ་རོགས་བྱེད་བཞིན་པ།

    613409_yis_1555476100862.jpg

    འདི་ནི་མིག་དམར་ཚེ་རིང་གིས་ཕར་འགྲོ་ཚུར་འོང་བྱེད་པའི་འཁོར་རིགས་ལ་ཞིབ་བཤེར་བྱེད་བཞིན་པ།

    613411_yis_1555476101361.jpg

    འདི་ནི་ཧའེ་ཁྲེང་སློབ་ཆུང་གི་སློབ་ཕྲུག་ཟླ་བ་ལྷ་མོས་སློབ་ཚན་གྲོལ་རྗེས་སེམས་འགུལ་ཆེན་པོས་མིག་དམར་ཚེ་རིང་གི་གདོང་ལ་བྱིལ་བྱིལ་བྱེད་བཞིན་པ།

    613410_yis_1555476101065.jpg

    འདི་ནི་སློབ་མ་ཚོའི་བདེ་འཇགས་སྲུང་སྐྱོང་བྱེད་པ་ཕུད། མིག་དམར་ཚེ་རིང་གིས་ད་དུང་རྒན་རྒོན་ཚོར་རོགས་རམ་ཧུར་ཐག་བྱེད་བཞིན་པ།

    613408_yis_1555476100675.jpg

    འདི་ནི་མིག་དམར་ཚེ་རིང་གིས་དགུང་ཟས་ཟ་ཞོར་དུ་འགྲིམ་འགྲུལ་གྱི་གནས་ཚུལ་ལ་ལྟ་བཞིན་པ།

    འདི་ལོ་ལོ་39ལ་སླེབས་པའི་མིག་དམར་ཚེ་རིང་གིས་འགྲིམ་འགྲུལ་ཉེན་རྟོག་ལས་ལ་ཞུགས་ནས་བགྲང་བྱ་18ལྷག་ཙམ་འབད་འཐབ་བྱས་ཤིང་། ལོ་6གི་གོང་དུ། མིག་དམར་ཚེ་རིང་གླིང་སྐོར་ཤར་ལམ་གྱི་ལམ་བཞི་མདོ་ཁར་ལས་བགོས་བརྒྱབ་པ་དང་། ཁོང་གིས་འགན་འཁུར་ཡུལ་གྱི་ལམ་དུམ་དེའི་འགྲིམ་འགྲུལ་གྱི་གནས་ཚུལ་རྙོག་འཛིང་ཆེ་བ་མ་ཟད། ཁོངས་གཏོགས་ཁུལ་དུ་སློབ་གྲྭ་གསུམ་ཡོད་པ་དང་། དེའི་ནང་ཧའེ་ཁྲེང་སློབ་ཆུང་གི་ཉེ་འཁོར་ནི་རླངས་འཁོར་དང་མི་ཚོགས་འགྲོ་འོང་བྱེད་མཁན་མང་ཤོས་ཀྱི་གནས་ཤིག་རེད།

    སློབ་མ་ཚོ་བདེ་འཇགས་ལྡན་པའི་སྒོ་ནས་སློབ་གྲྭར་འགྲོ་སྐྱོད་ཐུབ་ཆེད། མིག་དམར་ཚེ་རིང་གིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་6པར་མལ་ལས་ལངས་ཏེ་ཆུ་ཚོད་7པའི་གོང་དུ་སློབ་གྲྭའི་སྒོ་འགྲམ་དུ་འགྲིམ་འགྲུལ་བཀོད་འདོམས་བྱེད་པར་སྐྱོད་ཀྱི་ཡོད།

    ཉིན་དགུང་གི་སྐབས་སུའང་མིག་དམར་ཚེ་རིང་གིས་ངལ་གསོ་རྒྱག་ཁོམ་མེད་པར་སྔར་རྒྱུན་བཞིན་འགྲིམ་འགྲུལ་བཀོད་འདོམས་བྱས་ནས་སློབ་མ་སྲུང་སྐྱེལ་བྱེད་ཀྱི་ཡོད་ལ། སློབ་མ་རྣམས་སློབ་ཚན་ཚོགས་རྗེས་ཁོང་གིས་གཞི་ནས་སྒོར་5000སྤྲད་དེ་ཉོས་པའི་ཨའོ་ཐའོ་རྟགས་ཅན་གྱི་འཇིབ་ཆུང་ནང་ཡུད་ཙམ་ཉལ་ནས་ངལ་གསོ་རྒྱག་གི་ཡོད།

    སློབ་མ་ཚོ་སློབ་གྲྭ་གྲོལ་ལ་ཉེ་བའི་སྐབས་སུ། ཁོང་གིས་སླར་ཡང་གཞུང་ལམ་ཐོག་མུ་མཐུད་དུ་འགྲིམ་འགྲུལ་བཀོད་འདོམས་ཀྱི་ལས་ལ་གཞོལ་བ་དང་། ཕྱི་དྲོ་སློབ་གྲྭ་གྲོལ་རྗེས། ཡ་རབས་གཞུང་དྲང་ལྡན་པའི་མིག་དམར་ཚེ་རིང་གིས་རྟག་ཏུ་སློབ་མ་ཚང་མ་སློབ་གྲྭ་ནས་ཁ་བྲལ་རྗེས་གཞི་ནས་བློ་བདེའི་ངང་ནང་ལ་ལོག་པ་དང་། ནང་ལ་འབྱོར་སྐབས་སྤྱིར་ན་དགོང་མོའི་ཆུ་ཚོད་8པ་ཡོལ་གྱི་ཡོད།

    མིག་དམར་ཚེ་རིང་ལམ་དུམ་དེར་བཀོད་སྒྲིག་བྱས་པ་ནས་བཟུང་། ཁོང་གིས་འགན་ཁུར་བའི་ལམ་དུམ་དེར་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐོན་ཉུང་དུ་ཕྱིན་པ་མ་ཟད། འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་གཅིག་ཀྱང་ཐོན་མྱོང་མེད་པ་རེད།

    ལས་ཀར་ཧ་ཅང་དགའ་ཞེན་ཆེ་བའི་ཁོང་གིས་འགྲིམ་འགྲུལ་གྱི་འགན་འཁྲི་ནན་ཏན་ངང་འཁུར་བ་མ་ཟད། ཁྱིམ་བདག་འགའ་རེ་དམིགས་བསལ་གནས་ཚུལ་གྱི་དབང་གིས་རང་ཉིད་ཀྱི་ཕྲུ་གུ་བསུ་བར་ཡོང་མ་ཐུབ་ཚེ། ཁོང་གིས་དངུལ་སྤྲད་ནས་ཕྲུ་གུར་བདལ་གཏོང་རླངས་འཁོར་སྒུག་རོགས་བྱེད་པ་དང་འབྲེལ། རང་ཉིད་ཀྱི་ཁ་པར་ཨང་གྲངས་ཕྲུ་གུར་སྤྲད་དེ་ནང་དུ་སླེབས་རྗེས་རང་ཉིད་ལ་ཁ་པར་རྒྱག་དགོས་ཞེས་ནན་གྱིས་ཤོད་ཀྱི་ཡོད།

    ཡིན་ནའང་མིག་དམར་ཚེ་རིང་གི་ཟླ་གཅིག་གི་གླ་ཆ་སྒོར་2680ལས་མེད་པ་རེད།

    ད་དུང་ཕྲུ་གུ་འགའ་རེས་སྦྱོང་དེབ་དང་ཡིག་ཆས་འཁྱེར་རྒྱུ་བརྗེད་སྐབས་མིག་དམར་ཚེ་རིང་ལ་ཁ་པར་གཡར་ནས་རང་ཉིད་ཀྱི་ཁྱིམ་བདག་ལ་ཁ་པར་རྒྱག་པ་དང་། ཁྱིམ་བདག་གིས་ཅ་དངོས་དག་སྐྱེལ་བར་སླེབས་རྗེས་སུའང་མིག་དམར་ཚེ་རིང་གིས་བྲེལ་འཚུབ་ངང་ཅ་དངོས་དེ་དག་ཕྲུ་གུ་ཚོའི་སློབ་ཁང་དུ་སྐྱེལ་བར་འགྲོ་གི་ཡོད།

    ལྷ་ས་གྲོང་ཁྱེར་དུ་མིག་དམར་ཚེ་རིང་ལྟ་བུའི་འགྲིམ་འགྲུལ་ལས་རོགས་དོ་དམ་པ་ཧ་ཅང་མང་པོ་ཡོད། སྒམ་བརླིང་ལྡན་པའི་གུས་འདུད་དང་། སེམས་རྩ་འཁོལ་བའི་ལྟ་རྟོག རྣམ་འགྱུར་ལེགས་པ་བཅས་གཏམ་སྤྱོད་རེ་རེ་ལས་དུས་རབས་གསར་པའི་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པའི་གཟུགས་བརྙན་བཏོད་པ་དང་། ཉེན་དམངས་གཅིག་ལ་གཅིག་རྟེན་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོའང་མཚོན་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།