[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་པོ་བཏིངས་ནས་དུས་རབས་ཀྱི་གདོང་ལེན་པ་ཞིག་ཧུར་ཐག་བྱེད།

    གྲོ་མོ་རྫོང་གྲོ་མོ་སྨད་ཤང་གི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    550066_yis_1536812023667.jpg

    འདི་ནི་གྲོ་མོ་སྨད་ཤང་གིས་སྒྲིག་འཛུགས་བྱས་པའི“ཚན་པ་གསུམ་མཉམ་སྐྲུན”གྱི“སྐོར་སྲུང”ཚོགས་ཆུང་གིས་སྐོར་སྐྱོད་སྒྲོག་འགྲེལ་ལ་སྐྱོད་བཞིན་པ།

    ད་ཕན་ལོ་ཤས་རིང་། གྲོ་མོ་རྫོང་གྲོ་མོ་སྨད་ཤང་གིས“ཏང་འཛུགས་སྐྱོང་གི་ཇོ་མོ་གླང་མའི”འཐབ་ཇུས་ལ་དམ་པོར་དམིགས་ཏེ་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་ཅན་དང་། འགན་འཁྲི་ཁག་ཁ་གསལ་ཅན། ཚན་ཁག་འཁོར་རྒྱུག་ནུས་ཆེ་ཅན། རྩིས་ཐོའི་དཔྱད་གཞི་ཚད་ལྡན་ཅན་བཅས་དམ་འཛིན་བྱ་གཞིར་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་གཞི་རྟེན་ཟམ་མི་ཆད་པར་གསར་གཏོད་དང་། ཏང་འཛུཌ་སྐྱོང་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་ཏང་འཛུགས་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།

    དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ།

    ཏང་འཛུགས་སྐྱོང་གི་སྤུས་རྟགས་སྔར་བས་བཀྲག་མདངས་འཚེར་བར་བྱས་པ།

    གྲོ་མོ་སྨད་ཤང་གི་ལས་བྱེད་ལས་བཟོ་མི་རེ་ངོ་རེས་རང་ཉིད་ཀྱི་འབྲེལ་གཏུག་བྱ་ཡུལ་གཞིར་བཟུང་བྱ་ཐབས་སྣ་ཚོགས་བརྒྱུད་ཟླ་རེར་གཞི་རིམ་གྱི“རྒན་གྲས་གསུམ”ལ་སྨན་བཅོས་འཕྲོད་བསྟེན་དང་། རིག་གནས་སློབ་གསོ། དཀའ་ངལ་སེལ་རོཌ། རྒྱུན་གཏན་གྱི་རོཌ་སྐྱོར་སོགས་ཀྱི་ཞབས་ཞུ་ཐེངས་གཅིག་ནས་གཉིས་བར་སྒྲུབ་ཀྱི་ཡོད་པ་རེད།

    2015ལོ་ནས་བཟུང་། གྲོ་མོ་སྨད་ཤང་གིས་སྔ་རྗེས་སུ་ཏང་ཡོན་གྱི་དང་བླངས་ཞབས་ཞུ་རུ་ཁག་3བཙུགས་ཤིང་། དེ་ནས་བཟུང་དབུལ་སྐྱོར་དཀའ་སེལ་དང་། བརྟན་ལྷིང་སྲུང་སྐྱོང་གི་སྐོར་ཞིབ། བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ། མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སེལ་རྒྱུ་སོགས་རྣམ་པ་སྣ་ཚོགས་པའི་དང་བླངས་ཞབས་ཞུའི་རུ་ཁག་གྲོ་མོ་སྨད་ཤང་གི་ཀྲི་པུའུ་ཁག་ཏུ་དར་ཁྱབ་འགྲོ་འགོ་ཚུགས།

    ལོ་50ལྷག་ཙམ་ལ་སླེབས་པའི་ཏང་ཡོན་རྒན་གྲས་སྐྱིད་ལོད་ལ་བཅོས་ཐབས་བྲལ་བའི་མཆིན་པའི་འབྲས་སྐྲན་ཕོག་ནའང་སྔར་བཞིན“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱས་ཏེ་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས།

    དང་བླངས་ཞབས་ཞུ་སྤེལ་རིང་། གྲོ་མོ་སྨད་ཤང་དུ་ལེགས་སྐྱེས་འབུལ་རྒྱུར་སྤྲོ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཡོན་གདོང་ལེན་དཔེ་བཟང་འབོར་ཆེན་ཐོན་ཏེ“བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་ཡོད་པ་རེད།

    ཚན་པ་གསུམ་མཉམ་སྐྲུན་བྱས་ཏེ།

    གཞི་རིམ་ཏང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་ནུས་པ་སྔར་བས་མངོན་པར་བྱས་པ།

    གྲོ་མོ་སྨད་ཤང་ནི་རང་རྒྱལ་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། སིམ་འཛུལ་ལ་ངོ་རྒོལ། རྩ་སློག་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་ས་མདུན་མ་ཞིག་ཡིན་ཞིང་། དམག་དམངས་མཉམ་འདྲེས་དང་མཉམ་སྐྲུན་བྱ་རྒྱུ་ས་ཆ་དེའི་སྔར་ནས་ད་བར་གྱི་སྲོལ་རྒྱུན་བཟང་པོ་ཞིག་ཏུ་གྱུར་ཡོད།

    དམག་དཔུང་དང་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཆེ་བའི་ལེགས་ཆ་འདོན་སྤེལ་བྱ་ཆེད། གྲོ་མོ་སྨད་དུ་ཤང་ཏང་ཨུད་ཀྱིས་དུས་ཚིགས་རེར་དམག་དཔུང་དང་། ཉེན་རྟོག་དཔུང་སྡེ་ས་གནས་བཅས་སྒྲིག་འཛུགས་བྱས་ཏེ་ཏང་གི་སློབ་ཚན་ཐེངས་གཅིག་འཚོགས་ཏེ་ཏང་ཡོན་དཔུང་ཁག་གི་བྱང་ཚད་ཐུན་མོང་ཐོག་མཐོ་རུ་བཏང་བ་དང་། ས་གནས་སུ་བཅའ་སྡོད་དཔུང་སྡེས་ལས་བྱེད་པ་མངགས་ཏེ་གྲོང་དཔོན་དང་ཁྲིམས་ལུགས་སློབ་སྤྱི་གཞོན་པའི་འགན་ཁུར་ནས་གྲོང་ཚོ་དང་སློབ་གྲྭའི་ཚན་ཁག་ལ་སྐྱེ་སྟོབས་གསར་པ་འཕེལ་བ་བྱས་པ་མ་ཟད་འཕེལ་རྒྱས་ཀྱི་འདུ་ཤེས་དང་སློབ་གསོའི་འདུ་ཤེས་གསར་པའང་ཁྱབ་གདལ་བཏང་བ་རེད། དམག་དཔུང་དང་། ཉེན་རྟོག་དཔུང་སྡེ། ས་གནས་བཅས་མཉམ་འབྲེལ་སྐོར་སྲུང་མ་ལག་བཙུགས་ནས་ཐོལ་བྱུང་དོན་རྐྱེན་དང་། རང་བྱུང་གནོད་འཚེ། སྤྱི་ཚོགས་ཀྱི་བདེ་འཇགས་དོན་རྐྱེན་བཅས་ཐག་གཅོད་བྱས་ཏེ་མཐའ་མཚམས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་བསྲུངས་ཡོད།

    དམག་གིས་དམངས་ལ་གཅེས་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། བློ་སེམས་གཅིག་མཐུན་གྱིས་རྒྱལ་མཚམས་སྲུང་བ་བཅས་དམག་དམངས་མཉམ་འདྲེས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ལས་གྲོ་མོར་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།

    ཚད་ལྡན་ཅན་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ།

    རྩ་འཛུགས་ཀྱི་སྐུལ་སློང་སྔར་བས་ནུས་ལྡན་ཡོང་བ་བྱས་པ།

    2017ལོའི་ཟླ་10པར་གྲོ་མོ་སྨད་ཤང་གིས་སླར་ཡང་གྲོང་ཚོ་རིམ་པའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”དཔྱད་འདེམས་བྱས་པ་རེད།

    དཔྱད་བསྡུར་གྱི་བརྒྱུད་རིམ་ལས་མང་ཚོཌ་རྣམས་ལ་མཐོང་ཐོས་གསར་པ་བྱུང་བ་སྟེ། ཕྱོཌ་མང་པོའི་བསམ་འཆར་བསྡུས་པའི་རྨང་གཞིའི་ཐོག་གྲོ་མོ་སྨད་ཤང་གིས་དུད་སྦྲེལ་སྤྱི་མིས་གཙོ་བོ་བྱེད་པ་དང་གྲོང་ཚོ་ཚན་པར་བྱས་པའི་དཔྱད་བསྡུར་ཚོཌ་ཆུང་བཙུཌ་ཏེ་ས་གནས་ས་ཐོག་ཏུ་དཔྱད་བསྡུར་སྐར་མ་བརྒྱབ་པ་དང་། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པས་མཛུབ་ཁྲིད་ལྟ་སྐུལ་བྱས་ཡོད། དེ་དང་ཆབས་ཅིག་གྲོ་མོ་སྨད་ཤང་གིས་ད་དུང་ཚད་འབེབས་དཔྱད་བསྡུར་རེའུ་མིག་བཟོས་ཤིང་། རེའུ་མིག་ལ་ནང་དོན་ཆེ་གྲས་གསུམ་གྱི་ཞིབ་སྲོལ་23བཟོས་ཡོད་པས་དཔྱད་བསྡུར་ཚོགས་ཆུང་གིས་དཔྱད་བསྡུར་གྱི་ཞིབ་སྲོལ་དང་ཚད་གཞི་གཞིར་བཟུང་སྐར་མ་བརྒྱབ་པ་རེད། དཔྱད་བསྡུར་ཚོཌ་ཆུང་གིས“གཉིས་ལྡན་དུད་སྦྲེལ”ལ་དཔྱད་བསྡུར་བྱེད་སྐབས་ཐོན་པའི་གནད་དོན་དང་མི་འདང་ས་ངོ་ཐུག་གདོང་འཕྲད་ངང་བཏོན་པར་མང་ཚོཌ་ཚོས་དོཌ་འཆར་བཏོན་ཆོག་པ་མ་ཟད་མིང་ངོ་མ་བཀོད་ནས་སྐར་མ་བརྒྱབ་པ་དང་། མཐར་གནས་དེ་རང་དུ་ཚན་པ་ཁག་གི་མཐའ་མཇུག་གི་སྐར་མ་བརྩིས་པ་དང་ཨང་རིམ་གཏན་འཁེལ་བྱས་པ་རེད།

    གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་སྒོ་ནས་འཁོར་རྒྱུག་བྱས་ཚེ་ཏང་ཡོན་ལས་བྱེད་པའི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་བ་དང་། ལས་སྒྲུབ་ལས་གཏོད་ཀྱི་གདེང་ཚོད་སྔར་བས་ཆེ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཧུར་སེམས་སྔར་བས་ཆེ་བ་བཅས་ཡོང་རྒྱུ་ཡིན་པ་ལག་ལེན་ལས་ར་འཕྲོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།