[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་སྐབས་བསྟུན་ཉིང་ལག་རུ་ཁག་བརྟན་ལྷིང་སྲུང་སྐྱོང་གི་འགན་སྒྲུབ་དམ་འཇོག་སྐུལ་སློང་ཚོགས་ཆེན་ལ་ཞུཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    “ང་ཚོ་ནི་གངས་ལྗོངས་ས་མཐོར་འཐབ་འཛིང་བྱེད་བཞིན་པའི་བློ་དཀར་སེམས་དཀར་གྱི་སྲུང་དམག་ཡིན། རྒྱལ་ཡོངས་ཀྱི‘ཚོགས་འདུ་གཉིས’དང་ཟླ་བ་གསུམ་པའི་བརྟན་ལྷིང་སྲུང་སྐྱོང་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱ་ཆེད། ང་ཚོས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འཇིགས་རྒོལ་གཏུམ་འགོག བོད་ལྗོངས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན། རྩ་སྲ་རྨང་བརྟན། མི་སེམས་གཅིག་སྒྲིལ། གཟི་བརྗིད་གོང་བཀུར། འཐབ་ཕོད་པ་དང་རྒྱལ་ཐུབ་པ་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་གྱི་ཡིན་ཞེས་དམ་བཅའ་འཇོག་དགོས”ཟླ་གསུམ་པར་གཞིས་རྩེར་ཐལ་རླུང་འཚུབ་པ་དང་གྲང་ངར་ཆེ་ནའང་མཁའ་དབྱིངས་སུ་རྔམ་བརྗིད་ལྡན་པའི་དམ་བཅའ་འཇོག་པའི་སྒྲས་ཁྱབ་ཡོད།

    འགན་སྒྲུབ་དམ་འཇོག་གི་སྐུལ་སློང་ཚོགས་ཆེན་ཐོག་ཉིང་ལག་རུ་ཁག་དེའི་དཔོན་དམག་ཚོས་ཉིང་ལག་རུ་ཁག་དེ་ཡོངས་ཀྱི་དཔོན་དམག་གི་ཚབ་ཞུས་ནས་ཏང་དང་མི་དམངས་ལ་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་ཡོད། ཚང་མས་དཔའ་ངར་ཆེར་སྐྱེད་དང་སེམས་ཐག་ཆོད་པའི་རྣམ་འགྱུར་དང་། ཡིད་ཆེས་བརྟན་པོ་དང་ཐུན་མོང་མ་ཡིན་པའི་བློ་སྟོབས། ངར་ཤུགས་ཆེན་པོ་དང་སེམས་ཐག་ཆོད་པའི་བྱ་ཐབས། མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་བླང་བྱ་ནན་པོ་བཅས་ཀྱི་ཐོག་ནས་རྒྱལ་ཡོངས“ཚོགས་འདུ་གཉིས”ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་རྒྱལ་ཡོངས“ཚོགས་འདུ་གཉིས”ལ་གཡས་སྲུང་གཡོན་སྐྱོར་བྱ་རྒྱུ་དང་གཞིས་རྩེ་ས་ཁུལ་གྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཟླ་3ཚེས་6ཉིན། ལྷོ་ཁ་དམག་ཁུལ་ཁང་གི་ཐོན་ཞིག་གིས་གྲང་ངར་ཆེ་བའི་དུས་དང་བསྟུན་ནས་བཅའ་སྡོད་བྱ་ཡུལ་གྱི་ས་དབྱིབས་དང་ཟུང་འབྲེལ་དང་། འཆར་འགོད་ཞིབ་ཚགས། དཔོན་དམག་སྒྲིག་འཛུགས་བཅས་བྱས་ནས་ཕྱི་རོལ་དུ་ནང་སྦྱོང་བྱས་ཏེ་དཔུང་སྡེའི་ས་བཀྲ་དབྱེ་འབྱེད་དང་ས་བཀྲ་སྤྱོད་ནུས་ཆེ་རུ་གཏོང་ཞིང་། འདི་ནི་པན་ཀྲང་ཀྲུའུ་ཀུའེ་ལིན(གཡས་ཀྱི་གཉིས་པ)གྱིས་ཚོཌ་ཆུང་གི་སྣེ་ཁྲིད་དེ་གངས་ཆེན་ཁྲོད་ས་བཀྲར་ལྟ་བཞིན་པ།

    zhuy838.jpg

    ཟླ་3ཚེས་5ཉིན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཡོངས་ཀྱིས་བརྙན་འཕྲིན་དང་རླུང་འཕྲིན་སོགས་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པའི་གནས་ཚུལ་ལྟ་ཉན་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གཟབ་ནན་ངང་བལྟས་པ་རེད། འདི་ནི་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་བཞིན་པ།

    ཟླ་3ཚེས་5ཉིན། ལུའེ་ཧྥུང་ལ་སློབ་སྦྱོང་གི་དྲན་གསོའི་ཉིན་མོར་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྨན་དོན་མི་སྣ་10ལས་གྲུབ་པའི་སྨན་བཅོས་ཡན་ལག་རུ་ཆུང་གིས“ལུའེ་ཧྥུང་ལ་སློབ་སྦྱོང་བྱེད། མི་དམངས་ལ་བདེ་ཐང་སྦྱིན”ཞེས་པའི་རིན་མེད་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་སྒོའི་སྨན་དོན་མི་སྣས་མང་ཚོགས་500ལྷག་ཙམ་གྱི་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་བྱས་པ་མ་ཟད། ད་དུང་སྒོར་3000ལྷག་ཙམ་རི་བའི་སྨན་ཡང་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།