[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མི་ངན་མཉམ་དུ་འགྲོགས་ནས་བྱ་ངན་སྤེལ། ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་ཡོད་རེ་སྐན།

    ​གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་མཱ་ཆེ་གེ་མོས་འགོ་གཙོ་བྱས་པའི་ཉེས་གསོག་ཤོག་ཁག་གཅིག་རྩ་མེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    2017ལོའི་ཟླ་10པར་ཁུངས་སྣེ་རྙེད་པ་ནས་ད་བར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་མཱ་ཆེ་གེ་མོས་འགོ་གཙོ་བྱས་པའི་ཉེས་གསོག་ཤོག་ཁག་གི་ཁྲིམས་འགལ་ཉེས་གསོག་གྱོད་གཞིར་མྱུལ་ཞིབ་དང་དཔང་རྟགས་འཚོལ་བའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་མཐར། ཉེས་གསོག་ཤོག་ཁག་གི་བྱེད་གཏེ་དང་ཁོངས་མི་8བཟུང་བ་དང་། ཁོང་ཚོས་བཟོས་པའི་གཙབ་གྲི་17དང་། ཤེལ་དུག་ཁེ་0.3 གློག་རྡུལ་རྒྱ་མ་1བཅས་འཕྲལ་དུ་གཞུང་བཞེས་བཏང་བ་དང་། འཕྲོག་བཅོམ་དང་། རྐང་བཙུགས་ནས་གནོད་འཚེ་བཏང་བ། བསྙད་འདོགས་རྒྱུ་འཕྲོག དུག་རྫས་ལྐོག་ཚོང་། མི་མང་བསྡུས་ནས་རྒྱན་བཙུགས་པ། རྐུ་བརྒྱབ་པ་སོགས་ཀྱི་ཉེས་དོན་གྱོད་གཞི་སྣ་ཚོགས་25རྩད་ཆོད་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་རྒྱག་རྒྱུར་ཁྲིམས་ལྟར་རྩིས་སྤྲད་པ་རེད། དེས་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་མ་ཟད། ནག་གཤེད་ཁྲིམས་འགལ་ཉེས་གསོག་ཤོག་ཁག་གི་ཧམ་ཤེད་ཚ་བའི་རྫིག་ཉམས་ལ་རྡུང་རྡེག་ནུས་ལྡན་བཏང་བ་རེད།

    གཅིག མི་གཞན་གྱི་ཚབ་བྱས་ཏེ་བུ་ལོན་འདེད་ཁུལ་གྱིས་བསྙད་བཏགས་ནས་རྒྱུ་འཕྲོགས་པ།

    2017ལོའི་ཟླ་10པར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་གི་བདེ་འཇགས་འགན་ལེན་གྱི་གྲལ་བཤེར་ཆེ་མོའི་ལས་དོན་སྤེལ་སྐབས་མཱ་ཆེ་གེ་མོས་འགོ་གཙོ་བྱས་པའི་ཤོག་ཁག་གིས་སྤྱི་ཚོགས་སྟེང་གི་འཁྱམ་པོ་བསྡུས་ཏེ་མི་གཞན་གྱི་ཚབ་ལ་བུ་ལོན་འདེད་པར་ཁ་གཡར་ནས་འཕྲོག་བཅོམ་དང་བསྙད་འདོགས་རྒྱུ་འཕྲོག་སོགས་ཁྲིམས་འགལ་ནག་ཉེས་བསགས་པའི་ཁུངས་སྣེ་ཞིག་རྩད་ཆོད།

    དེའི་ཐད་གཞིས་རྩེ་གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཅང་དང་གཞིས་རྩེ་གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་འཕྲལ་དུ་ལས་བྱེད་ཉེན་རྟོག་པ་ཧྲག་སྒྲུག་བརྒྱབ་སྟེ་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ནས་གྱོད་གཞིའི་མྱུལ་ཞིབ་དཔང་ལེན་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།

    གཉིས། ས་ཆ་བཞི་རུ་དཔང་རྟགས་འཚོལ་བའི་ལས་དོན་ཟླ་བ་5ཙམ་སྤེལ་བ།

    གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུར་བུ་དོན་གྲུབ་ཀྱིས་ཙུའུ་ཀྲང་གི་འགན་འཁུར་བ་དང་། གྲོང་ཁྱེར་ཅུས་ཀྱི་ཉེས་དོན་མྱུལ་ཞིབ་དང་། ལག་རྩལ་མྱུལ་ཞིབ། དྲ་རྒྱའི་ཉེན་རྟོག་པ་སོགས་འབྲེལ་ཡོད་སྡེ་ཚན་མཉམ་དུ་ཞུགས་པའི“9.04”ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ནས་དུས་འགོའི་ཉུལ་ཞིབ་བརྟག་དཔྱད་དང་དཔང་རྟཌ་འཚོལ་བའི་ལས་དོན་འབོར་ཆེན་བསྒྲུབས་པར་བརྟེན། ཤོག་ཁག་དེའི་ཉེས་གསོག་དོན་དངོས་ཁག་གཅིག་དང་ཤོག་ཁག་གི་ཁོངས་མིའི་བྱ་སྤྱོད་སྤེལ་ཡུལ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་གཞི་རྩའི་ཆ་ནས་རྩད་ཆོད། ཤོག་ཁག་དེའི་ཁོངས་མི་དུས་ཐོག་ཏུ་བཟུང་ནས་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་པོ་ཐུབ་ཆེད། ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་འཛིན་བཟུང་ཇུས་གཞི་ཞིབ་ཚགས་བཟོས་ཏེ་སྔ་རྗེས་སུ་གཞིས་རྩེ་དང་། ལྷ་ས། སི་ཁྲོན་དང་དེ་བཞིན་ཁྲུང་ཆིང་སོགས་སུ་བསྐྱོད་ནས་ཉེས་གསོག་ཤོག་ཁག་གི་ཉེས་གསོག་དོགས་ཅན་གཏེ་པོ་མཱ་ཆེ་གེ་མོ་དང་། ཨ་ཆེ་གེ་མོ་ཆིང་། དབྱང་ཆེ་གེ་མོ། ཅི་ཆེ་གེ་མོ་ཐི། ཧོ་ཆེ་གེ་མོ་ཡིའུ། ལི་ཆེ་གེ་མོ། ཡང་ཆེ་གེ་མོ། ཁྲེན་ཆེ་གེ་མོ་བཅས་བཟུང་བ་རེད།

    གསུམ། རྐུ་རྒྱག་མཁན་དང་། དུག་འཐེན་མཁན། དུག་འཚོང་མཁན་བཅས་ཀྱི་མི་ངན་མཉམ་དུ་འཛོམས་པ།

    ཟླ་ལྔ་ལྷག་ཙམ་བརྟག་དཔྱད་བྱེད་པ་དང་། དཔང་རྟགས་འཚོལ་བ། འདྲི་རྩད་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་ལས་རྩད་ཆོད་པར། 2017ལོ་ཚུན་ནས་ཉེས་གསོག་ཤོག་ཁག་གི་ཉེས་གསོག་དོགས་ཅན་གཏེ་པོ་མཱ་ཆེ་གེ་མོས(མིང་འདོགས་ལ་ཅོག་ཆང་ཟེར་བ་དང་། སློབ་འབྲིང་གི་རིག་གནས་ཆུ་ཚད)དང་། ཨ་ཆེ་གེ་མོ(མིང་འདོགས་ལ་ཨ་ཧྥ། ཡིག་རྨོངས། 2007ལོའི་ཟླ་4ཚེས་11ཉིན་རྐུ་བརྒྱབ་པའི་ནག་ཉེས་བསགས་པའི་དབང་གིས་སི་ཁྲོན་ཨེ་པན་དབྱིས་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས་ཟླ་དྲུག་བཙན་ཉར་ལས་སྐུལ་བྱ་རྒྱུའི་ཐག་བཅད་པ་དང་། 2010ལོའི་ཟླ་1ཚེས་29ཉིན་རྐུ་བརྒྱབ་པའི་་ནག་ཉེས་བསགས་པའི་དབང་གིས་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཐན་ཆོན་རྫོང་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་གཅིག་བྱ་རྒྱུའི་ཐག་བཅད་པ) དབྱང་ཆེ་གེ་མོ(མིང་འདོགས་ལ་དབྱང་ལིང་ཝ། སློབ་འབྲིང་གི་རིག་གནས་ཆུ་ཚད། 2016ལོའི་ཟླ་4ཚེས་11ཉིན་ཁྲིམས་འགལ་ངང་དུག་རྫས་འཁྱེར་བའི་ནག་ཉེས་བསགས་པའི་དབང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་བཅུག་ཟླ་དགུ་བྱ་རྒྱུའི་ཁྲིམས་ཐག་བཅད་པ) ཅི་ཆེ་གེ་མོ་ཐི(མིང་འདོགས་ལ་ཅུན་ཐི། སློབ་ཆུང་གི་རིག་གནས་ཆུ་ཚད། ལས་ཀ་མེད། 2007ལོའི་ཟླ་3ཚེས་12ཉིན་རྐུ་བརྒྱབ་པའི་ནག་ཉེས་བསགས་པའི་དབང་གིས་སི་ཁྲོན་ཞིང་ཆེན་ཨེ་པན་དབྱིས་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་བཅུག་ལོ་གཅིག་དང་ཟླ་བ་དྲུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ།

    2009ལོའི་ཟླ་12ཚེས་11ཉིན་རྐུ་བརྒྱབ་པའི་ནག་ཉེས་བསགས་པའི་དབང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་བཅུག་ལོ་དྲུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ། 2015ལོའི་ཟླ་10ཚེས་8ཉིན་རྐུ་བརྒྱབ་པའི་ནག་ཉེས་བསགས་པའི་དབང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་བཅུག་ལོ་གཅིག་དང་ཟླ་བ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད་པ) ཧོ་ཆེ་གེ་མོ་ཡིའུ(མིང་འདོགས་ལ་ཧོ་ལའོ་ཡའོ། སློབ་འབྲིང་གི་རིག་གནས་ཆུ་ཚད། 2016ལོའི་ཟླ་4ཚེས་11ཉིན་དུག་བཙོངས་པའི་ནག་ཉེས་བསགས་པའི་དབང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་བཅུག་ཟླ་བ་བཅུ་བྱ་རྒྱུའི་ཁྲིམས་ཐག་བཅད་པ) ལི་ཆེ་གེ་མོ(སློབ་འབྲིང་གི་རིག་གནས་ཆུ་ཚད། 2012ལོའི་ཟླ་5ཚེས་10ཉིན་རྐུ་བརྒྱབ་པའི་ནག་ཉེས་བསགས་པའི་དབང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་བཅུག་ལོ་བཞི་དང་ཟླ་བ་བརྒྱད་བྱ་རྒྱུའི་ཁྲིམས་ཐག་བཅད་པ)སོགས་ཁྲིམས་ཆད་དུས་ཚད་བཙངས་ནས་གློད་འགྲོལ་བཏང་བའི་མི་དང་དུག་འཐེན་པ་ཡང་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་སྤྱི་ཚོགས་ཀྱི་འཁྱམ་པོས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ཁྲིམས་འགལ་གྱི་ཁེ་ཕན་ཐོབ་ཆེད་སྔ་རྗེས་སུ་འཕྲོག་བཅོམ་དང་། བསྙད་འདོཌ་རྒྱུ་འཕྲོག རྐང་བཙུཌ་ནས་གནོད་འཚེ་གཏོང་བ། རྒྱན་ཁང་འཛུགས་པ། དུག་རྫས་འཚོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཐེངས་མང་སྤེལ་ཡོད་པ་རེད།

    བཞི། ཤོག་ཁག་ངན་པ་ཁྲིམས་ཀྱི་དྲ་རྒྱར་བཅུག་པ།

    2018ལོའི་ཟླ་2ཚེས་4ཉིན། གཞིས་རྩེ་གྲོང་ཁྱེར་བསམ་སྒྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཉེས་གསོག་དོགས་ཅན་མཱ་ཆེ་གེ་མོ་དང་། ཨ་ཆེ་གེ་མོ་ཆིང་། དབྱང་ཆེ་གེ་མོ། ཅི་ཆེ་གེ་མོ་ཐི། ཧོ་ཆེ་གེ་མོ་ཡིའུ། ཁྲེན་ཆེ་གེ་མོ། ལི་ཆེ་གེ་མོ། ཡང་ཆེ་གེ་མོ་བཅས་མི་བརྒྱད་ཉེས་གསོག་ཤོག་ཁག་དང་འབྲེལ་བ་ཡོད་པ་དང་། འཕྲོག་བཅོམ་དང་། བསྙད་བཏགས་ནས་རྒྱུ་འཕྲོགས་པ། རྐང་བཙུགས་ནས་གཞན་ལ་གནོད་འཚེ་བཏང་བ། དུག་རྫས་བཙོངས་པ། མི་མང་བསྡུས་ནས་རྒྱན་བཙུགས་པ། རྐུ་བརྒྱབ་པ་སོགས་ཀྱི་ཁྲིམས་འགལ་ཉེས་མིང་ཐོག་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་རྒྱག་རྒྱུའི་རྩིས་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།