[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ཀྱི་འགོ་ཁྲིད་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-10

    ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་འཁྲིད་དེ་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དང་གྲ་ནང་རྫོང་གྲོང་དང་། གོང་དཀར་རྫོང་ཁྱིམ་བཞི་ཤང་དང་སྤྱི་བདེ་ཞོལ་གྲོང་རྡལ་སོགས་སུ་སྔ་རྗེས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་དང་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་ཟླ་3པར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་ཆབ་སྲིད་ཀྱི་འགན་འཁྲི་ཁུར་བ་དང་ལས་ཀའི་འཇོན་ཐང་ལ་ཞིབ་དཔྱད་བྱེད་པའི་རྡོ་ཀ་ཤུ་ཀར་བརྩིས་ཏེ་བློ་ཐག་ཆོད་པའི་རྣམ་འགྱུར་དང་། ཆེས་བརྟན་པའི་ཆོད་སེམས། ནུས་པ་ལྡན་ཤོས་ཀྱི་བྱེད་ཐབས། ནན་ཤོས་ཀྱི་བླང་བྱ་བཅས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་དང་། ལས་དོན་གྱི་གྲ་སྒྲིག་ཡག་པོ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དེ་མ་བྱུང་སྔོན་འགོག་གི་རྩ་དོན་དུ་བརྩིས་ཏེ་ལས་ཀ་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་བཏང་ཐོག་བྱེད་ཐབས་ཁག་དོན་ཐོག་ཏུ་དངོས་འབྲེལ་འཁྱོལ་བ་བྱེད་དགོས་པ། སྟོབས་ཤུགས་གྲ་སྒྲིག་ཡག་པོ་བྱས་ཏེ་གནད་དོན་ཆེན་པོ་ཐོན་རྒྱུ་སྔོན་འགོག་གི་རྨང་གཞིའི་གྲ་སྒྲིག་ཡག་པོ་བྱེད་པ་དང་དངོས་འཐབ་ཀྱི་ཚད་གཞིར་གཞིཌ་ནས་སྟོབས་ཤུགས་འདང་ངེས་གྲ་སྒྲིག་བྱས་ཏེ་སྔོན་ཇུས་ཁག་དམག་འཐབ་ཀྱི་ཇུས་གཞིར་བརྩིས་ནས་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་འཕྲལ་མར་ས་གནས་ས་ཐོག་ཏུ་སྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་། ཁ་གཏད་མགྱོཌ་མྱུར་གཅོག་པ། འཕྲལ་ཐག་ཆོད་པོས་ཐག་གཅོད་བཅས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།