[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཁ་བ་བུ་ཡུག་ཁྲོད་ཀྱི་དམག་སྦྱོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

    ཉིན་ཤས་གོང་། དཔྱིད་དཔལ་བཞད་མ་ཐག་གི་ཁ་བ་ཐེངས་དང་པོ་བབས་ཏེ་རི་ཀླུང་གང་སར་ཁ་བས་ཡོངས་སུ་བཀླུབས། དྲོད་ཚད་ཀྱང་ཏུའུ་བཅུ་གྲངས་ཆག་ནས་གངས་གསོག་ཚད་15cmཙམ་ཟིན། བོད་དམག་ཁུལ་ཁང་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་ཐོན་ཞིག་གི་དཔོན་དམག་གིས་གྲང་ངར་ཆེ་བའི་སྐབས་དང་བསྟུན་ནས་ལུས་སྦྱོང་དང་འཐབ་རྩལ་ཆེ་རུ་གཏོང་བ་སོགས་བྱས་ཏེ་དམག་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་བྱས།

    ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཟིན་ཡང་དཔོན་དམག་གིས་སྦྱོང་བརྡར་བྱེད་པའི་སྤྲོ་སེམས་ཉམས་མེད་ལ། དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་བཅུ་གྲངས་ཟིན་པའི་གྲང་ངད་ཀྱིས་ཀྱང་དཔོན་དམག་ཚོའི་དྲག་རྩལ་འགྲན་པའི་སེམས་ཤུགས་ཆག་མེད་པར་འཐབ་རྩལ་འགྲན་པ་དང་འགྱིག་འཁོར་དབྲིལ་བའི་རྩལ་འགྲན་སོགས་ཀྱི་རྣམ་གྲངས་ཁག་སྦྱོང་བརྡར་བྱས་ནས་སྦྱོར་བརྡར་བྱ་ཡུལ་དུ་འགྲན་རྩོད་ཀྱི་སྐད་སྒྲས་ཁེངས།

    ད་རེས་ཀྱི་སྦྱོང་བརྡར་ནང་འཐབ་རྩལ་དང་། ལུས་ཤུགས། གྲང་ངད་འགོག་ནུས་བཅས་གཞི་གཅིག་ཏུ་བསྡུས་པའི་སྦྱོང་བརྡར་བྱས་པས་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་ཀྱི་དམག་འཐབ་ནུས་པར་སྦྱོང་བརྡར་ནུས་ལྡན་ཐེབས་ཡོད་པ་རེད།

    zengfg8257.jpg

    འདི་ནི་མཐུན་སྦྱོར་འཐབ་རྩལ་སྦྱོང་བརྡར་བྱེད་པ། 

    zengfg8254.jpg

    འདི་ནི་གོག་བགྲོད་ཀྱིས་མདུན་སྐྱོད་བྱེད་སྟངས་སྦྱོང་བརྡར་བྱེད་པ། 

    zengfg8256.jpg

    འདི་ནི་འགྱིག་འཁོར་དབྲིལ་བའི་སྦྱོང་བརྡར་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།