[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དགུན་དུས་ཀྱི་མེ་ཟོན་དྲིལ་བསྒྲགས་ལས་ལ་བྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-19

    ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་མེ་ཟོན་སྡེ་ཚན་གྱིས་དགུན་དཔྱིད་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་བ་དང་རིགས་ཁག་གི་དྲིལ་བསྒྲགས་ལས་སྟེགས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ་དྲིལ་བསྒྲགས་བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱས་ཤིང་། མེ་ཟོན་ལྟ་སྐུལ་གྱི་རྐང་འཛིན་མི་སྣ་ཁོངས་གཏོགས་ཁུལ་གྱི་ཏང་སྲིད་ལས་ཁུངས་དང་། སློབ་གྲྭ། སྨན་ཁང་། ཁེ་ལས། སྡེ་ཁུལ་སོགས་སུ་བཏང་སྟེ་རྣམ་པ་སྣ་ཚོགས་ཀྱི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བས། མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་པ་དང་། དགུན་དཔྱིད་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་བ་རེད།

    yangnl7c114.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་བུ་བཅོལ་ཁང་ཞིག་གི་ཕྲུ་གུ་ཆུང་ཆུང་ཚོས་མེ་ཟོན་གྱོན་གོས་གོན་པའི་གནས་ཚུལ་ཡིན་པ།

    yangnl7c115.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་སྡེ་ཁུལ་ཞིག་གི་མང་ཚོགས་ཚོས་མེ་ཟོན་མེ་གསོད་ཀྱི་རོགས་སྐྱོབ་ཡོ་ཆས་རྒྱུས་ལོན་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།