
དགེ་སློབ་ལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དགེ་སློབ་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་དང་རང་ཟོན་རང་སྐྱོབ་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉེ་ཆར་འབྲི་རུ་མེ་ཟོན་རུ་ཆེན་གྱིས་མིག་སྔའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་སྟེ། སློབ་གྲྭར་མེ་ཟོན་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་རང་འགུལ་ངང་སྤེལ་བ་རེད།
མིག་སྔའི་བར། རྫོང་ཡོངས་ཀྱི་བུ་བཅོལ་ཁང་4དང་སློབ་གྲྭ་འབྲིང་ཆུང་2ལ་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་། དགེ་སློབ་3000ལྷག་ཙམ་ལ་སློབ་གསོ་ཐེབས་པ། དྲིལ་བསྒྲགས་དཔྱད་ཡིག་2000ལྷག་ཙམ་སྤྲད་པ་རེད།