[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས།

    ཁོངས་གཏོགས་ཁུལ་གྱི་ཨར་པོ་རྒྱག་ཡུལ་དུ་བསྐྱོད་དེ་བཅར་འདྲི་དང་གྲལ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    61892e39-430f-4442-a211-a4a657eec8b1.jpg.jpg

    འདི་ནི་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཨར་པོ་རྒྱག་ཡུལ་དུ་གྲལ་བཤེར་བྱེད་བཞིན་པ།

    གཏོགས་ཁོངས་ཀྱི་དོ་དམ་འགན་འཁྲིའི་དམིགས་ཚད་ལེགས་སྒྲུབ་དང་ཁོངས་གཏོགས་ཁུལ་གྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པར་བྱ་ཆེད། ཉེ་ཆར་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཨར་པོ་རྒྱག་ཡུལ་ཁག་ཏུ་བསྐྱོད་དེ། བཅར་འདྲི་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེ་མོའི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།

    མིག་སྔར་ཕྱི་ནས་ཡོང་མཁན་མང་བ་དང་། ཨར་པོ་རྒྱག་ཡུལ་མང་བ། དོ་དམ་དང་ཚོད་འཛིན་བྱེད་དཀའ་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས། ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་ཉེན་རྟོག་པའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་སྔ་རྗེས་སུ་ཨར་ལས་བྱ་ཡུལ་9ལ་བདེ་འཇགས་བཅོས་སྐྱོང་གི་འགལ་ཟླ་གྲལ་བཤེར་དང་། ལས་ཡུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར། ཕྱི་ནས་ཡོང་མཁན་གྱི་ཆ་འཕྲིན་ཐོ་འགོད་ཞིབ་བཤེར། “ཨང་རྟགས་གཉིས”ལ་ཞིབ་བཤེར་རྩིས་ལེན་སོགས་བྱས་པ་དང་། ཨར་ལས་བྱ་ཡུལ་གྱི་བདེ་འཇགས་སྒྲིག་བཀོད་དང་སྣུམ་ཉར་ཚགས་བྱ་ཡུལ་སོགས་ལ་ཞིབ་བཤེར་ཞིབ་ཚགས་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དག་ཐེར་བྱེད་ཐུབ་རིགས་རང་སར་དག་ཐེར་བྱ་རྒྱུར་ལྟ་སྐུལ་དང་། འཕྲལ་མར་དག་ཐེར་བྱེད་མི་ཐུབ་པའི་རིགས་དུས་བཀག་ནང་དག་ཐེར་བྱེད་རྒྱུའི་བཀའ་བཏང་ནས་བྱ་སྤྱོད་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།