[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་གྱིས་ཐབས་མང་མཉམ་དུ་སྤྱད་ནས་འབྲུབ་དུས་བདེ་འཇགས་ངང་སྒྲོལ་བའི་འགན་ལེན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    4ac09a84-3591-4782-a335-a4899c658f4b.jpg.jpg

    འདི་ནི་ཆུ་རགས་རྒྱག་བཞིན་པ།

    ཟླ་6ཚེས་1ཉིན་ནས་བཟུང་འབྲུབ་དུས་གཙོ་བོར་སླེབས་རྗེས་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས། རིམ་ཁག་ཆུ་བེད་ཅུས་ཀྱིས་ཉིན་མཚན་དབྱེར་མེད་ཀྱི་འབྲུབ་འགོག་ལས་རེས་ལམ་ལུགས་དོན་འཁྱོལ་བྱེད་པ། འབྲུབ་འགོག་ཐན་འགོག་གི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་བཅས་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱིས་འབྲུབ་དུས་བདེ་འཇགས་ངང་སྒྲོལ་བའི་འགན་ལེན་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཆུ་བེད་སྡེ་ཚན་གྱིས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་བླང་བྱར་ནན་པོ་གཞིགས་ཏེ་ཆུ་མཛོད་ཆུང་གྲས་ཀྱི་བདེ་འཇགས་དང་། ཆུ་ལོག་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་བ། ཆུ་བེད་ལས་གྲྭའི་ཉེན་ཆེའི་ཆུ་རགས་དང་དུམ་བུ། རྫིང་བུ་སོགས་ཉམས་ཞན་ལྷུ་ཚིགས་ལ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རྒྱུར་དམ་འཛིན་གྱིས་ཆུ་ལོག་གནོད་འཚེའི་མངོན་མེད་རྐྱེན་ངན་གྱི་འབྲུབ་ཆུ་མ་རྒྱས་གོང་ཞིབ་བཤེར་ཐེངས་3བྱས་པ་དང་ཆུ་མཛོད་དང་གློག་ཁང་5ལ་སྔ་རྗེས་སུ་ཞིབ་བཤེར་ཐེངས་4བྱས་ཡོད། ཆུ་ལོག་ཞོད་སྐྱོན་དང་ཐན་སྐྱོན་འགོག་སྲུང་གི་གཙོ་གནད་ས་ཁོངས་ལ་གཞིགས་ཏེ་རྫོང(ཆུས)7གྱི་ཆུ་ལོག་ཞོད་སྐྱོན་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་ཟོན་ལམ་སྲོལ་བཙུགས་ཚུལ་དང་། ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་བྱས་པའི་ཆུ་བེད་ལས་གྲྭ་31གི་མངོན་མེད་རྐྱེན་ངན་གྲལ་བཤེར་གནས་ཚུལ། རྫོང(ཆུས)7གྱི་ལས་གྲྭ་མིན་པའི་སྒྲིག་བཀོད་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་འཁོར་སྐྱོད་གནས་ཚུལ་བཅས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཡོད། ཆུ་མཛོད་ཆེ་འབྲིང་5དང་གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་5ཡི་འབྲུབ་འགོག་ཐན་འགོག་གི་གྲ་སྒྲིག་གནས་ཚུལ་ལ་འཐེན་བཤེར་བྱས་ཏེ་སྒུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།