[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས།

    རྒན་གསོའི་དངུལ་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་གི་ཚོཌ་འདུ་འཚོཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    a6a2571d-17bd-4fdf-a4e1-1e07e4f17f1e.jpg.jpg

    ཉེ་ཆར། མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་རྒན་གསོའི་དངུལ་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་གི་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག སློབ་གསོ་དྲིལ་བསྒྲགས་དང་། ཁྲིམས་བཞིན་རྡུང་རྡེག ཆེད་དོན་བཅོས་སྒྲིག་བཅས་ཀྱི“བྱ་ཐབས་ཁག་གསུམ”མཐའ་འཁྱོངས་དང་། རྒན་གསོའི་དངུལ་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཁ་བསླུས་དང་འབྲེལ་བའི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ་རྒན་གསོའི་བྱ་གཞག་སྐྱོན་བྲལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་སྔར་བས་རྒྱག་པ་དང་། ས་ཁུལ་སྤྱི་བདེ་ཁྲུའུ་ཡིས་རང་སོ་སོའི་ལས་ཀའི་ཆེད་ཚན་འཛུགས་རྒྱུར་གཞིགས་པ། བསམ་བློ་དང་བྱ་སྤྱོད་ས་ཁུལ་སྤྱི་བདེ་ཁྲུའི་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། རྒན་གསོའི་དངུལ་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ལས་དོན་དེ་མིག་སྔའི་གཙོ་གནད་ལས་དོན་ལ་བརྩི་བ། འབྲེལ་ཡོད་སྡེ་ཚན་གཞན་དག་དང་མཐུན་སྦྱོར་གཞོགས་འདེགས་ལ་རང་འགུལ་ངང་ཤུགས་སྣོན་རྒྱག་པ། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་ཞེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།