[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ན་ནིང་ལྷ་ས་འགག་སྒོས་ཤེས་བྱའི་བདག་དབང་ལ་གནོད་འཚེ་བཟོས་པའི་དོགས་ཡོད་གྱོད་གཞི་ཁག་15རྩད་ཆོད་པ།

    གྱོད་གཞི་དང་འབྲེལ་བའི་ཁེ་དབང་ལ་གནོད་འཚེ་བཟོས་པའི་དོགས་ཡོད་ཚོང་ཟོག་5847རྩད་ཆོད་པར་རིན་ཐང་སྒོར་ཁྲི་29.38ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    ན་ནིང་། ལྷ་ས་འགག་སྒོས་མཐའ་མཚམས་འགག་སྒོའི་དོན་དངོས་ལ་གཞི་ཚུགས་པ་དང་། ས་མཐོའི་ཁྱད་ཆོས་ལ་དམིགས་པ། ལྟ་འདོམས་བྱེད་ཐབས་གསར་གཏོད་དང་འཇོན་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་འདེགས་སྐྱོར་དུ་བྱེད་པ། “དྲིལ་བསྒྲགས་དང་། འཛུགས་སྐྱོང་། མཉམ་ལས། ཞིབ་བཤེར”བཅས་གཞི་གཅིག་ཅན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དྲ་བ་ནུས་ཤུགས་ཡོད་རྒུས་སྐྲུན་པ་བཅས་བྱས་ཏེ། འགག་སྒོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་བཏོད་ནས་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཚོང་ཟོག་རྒྱལ་མཚམས་སྒྲོལ་བར་རྡུང་རྡེག་གཏོང་བ་དང་། བོད་ཀྱི་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དྲང་གཞག་འགྲན་རྩོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་སྲོལ་ལ་སྲུང་སྐྱོང་སོགས་ལ་ནུས་པ་གལ་ཆེན་བཏོན་པ་རེད།

    ན་ནིང་། ལྷ་ས་འགག་སྒོས་ནང་འདྲེན་ཕྱིར་གཏོང་གི་ལྷུ་ཚིགས་ནས་ཤེས་བྱའི་བདག་དབང་ལ་གནོད་འཚེ་བཟོས་པའི་གྱོད་གཞི་ཁག་15རྩད་ཆོད་པ་དང་། གྱོད་གཞི་དང་འབྲེལ་བའི་ཁེ་དབང་ལ་གནོད་འཚེ་བཟོས་པའི་དོགས་ཡོད་ཚོང་ཟོག་5847རྩད་ཆོད་པར་རིན་ཐང་སྒོར་ཁྲི་29.38ཟིན་པ་ལས། ནའེ་ཁེ་ཀུང་སིའི་ཚོང་རྟགས་ཀྱི་ཁེ་དབང་ལ་གནོད་འཚེ་བཟོས་པའི་ལུས་རྩལ་ལྷམ་ཆ་3520རྩད་ཆོད་ཐུབ་པར་སྔོན་དཔག་རིན་ཐང་སྒོར་ཁྲི་15.84ཟིན་པ་དེ་ན་ནིང་ལྷ་ས་འགག་སྒོས་རྩད་ཆོད་པའི་རིན་ཐང་ཆེ་ཤོས་ཀྱི་ཁེ་དབང་གནོད་འཚེ་དང་འབྲེལ་བའི་གྱོད་གཞི་ཞིག་རེད།

    2019ལོ་ཚུན་དུ། ལྷ་ས་འགག་སྒོས“འབྲུག་ལྡིང་2019”ཤེས་བྱའི་བདག་དབང་ལ་གནོད་འཚེ་བཟོ་བར་རྡུང་རྡེག་གི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་། “ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་ནན་པོ་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་བོད་ཀྱི་འགག་སྒོ་ཁག་ཏུ“འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ལྷ་ས་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་འགན་འཁུར་བས། རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་བྱེད་ཐབས་དང་ཚོང་དོན་རྒྱལ་ཁབ་གཙོ་བོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ལྷ་ས་འགག་སྒོས་ཚོང་ཟོག་དབོར་འདྲེན་དང་། འགྲུལ་པར་ཞིབ་བཤེར། སྦྲགས་སྐུར་སོགས་རྣམ་པ་མི་འདྲ་བའི་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཟོག་འགྲེམས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ཏེ“གྲངས་གཞི་ཆེན་མོ+ཉེན་ཁ་དོ་དམ”གྱི་འདུ་ཤེས་ལ་བརྟེན་ནས་སྐབས་བསྟུན་འཐེན་བཤེར་དང་། གནད་སྨིན་ཚོད་འཛིན། མཐུན་སྦྱོར་ཁག་བགོས། ལེགས་ཆ་གསབ་རེས་བཅས་ཀྱི་ཉེན་ཁ་གཅིག་བསྡུས་ཚོད་འཛིན་གྱི་ལམ་སྲོལ་བཙུགས་ནས་ཞིབ་བཤེར་ཚོད་འཛིན་གནད་ལ་འཁེལ་ཚད་སྔར་བས་མཐོ་རུ་བཏང་བ་རེད།

    “ང་ཚོས་བརྒྱུད་རིམ་ཁྲིམས་མཐུན་དང་དངོས་ཤུཌ་གང་ཡོད་སྤྱོད་པའི་རྩ་དོན་ལ་གཞིགས་ཏེ་རྩད་ཆོད་པའི་ཁེ་དབང་ལ་གནོད་འཚེ་དང་འབྲེལ་བའི་དོཌ་ཡོད་ཚོང་ཟོག་ཡོད་ཚད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོཌ་པར་ཐག་གཅོད་བྱེད་པར་རྩིས་སྤྲད་པས། ནང་འདྲེན་ཕྱིར་གཏོང་གི་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཚོང་ཟོག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་མ་ཟད། སྤྱི་ཚོགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོཌ་ལའང་རོགས་རམ་ཐུབ་ཡོད”ཅེས་འགན་འཁུར་བ་དེས་ངོ་སྤྲོད་བྱས་པ་རེད།

    འབྲེལ་ཡོད་གསར་འགྱུར།

    ན་ནིང་ལྷ་ས་འགག་སྒོས་སྲིད་འཛིན་ གྱོད་གཞི་ཁག་24རྩད་ཆོད་པ།

    ན་ནིང་། ལྷ་ས་འགག་སྒོས་སྲིད་འཛིན་གྱོད་གཞི་ཁག་24རྩད་ཆོད་པ་དེ་དུས་མཚུངས་ལས་41%འཕར་བ་དང་། གྱོད་གཞིའི་རིན་ཐང་སྒོར་ཁྲི་226.81ཟིན་པ་དང་། ཉེས་དོན་གྱོད་གཞི་ཁག་11རྩད་ཆོད་པ་དེ་དུས་མཚུངས་ལས་10%འཕར་བ་དང་གྱོད་གཞིའི་རིན་ཐང་སྒོར་ཁྲི་1433.39%ཟིན་པ། ཉེས་གསོག་དོགས་ཅན་23བཟུང་བ་རེད། དེའི་ནང་གསེར་ལྐོག་ཚོང་གྱོད་གཞི་5དང་རྒྱལ་མཚམས་བསྒྲལ་ནས་ལྐོག་ཚོང་བྱས་པའི་གསེར་སྟོང་ཁེ་34.2རྩད་ཆོད་པར་གྱོད་གཞིའི་རིན་ཐང་སྒོར་ཁྲི་1055ཟིན་པ་དེ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས་རིམ་པ་དང་པོའི་མིང་བྱང་འགེལ་བའི་ལྟ་སྐུལ་སྒྲུབ་གཉེར་གྱོད་གཞིར་བཅུག་པ་རེད།

    2020ལོར། ལྷ་ས་འགག་སྒོས“རྒྱལ་སྒོའི་སྤུ་གྲི”སོགས་ཀྱི་ཆེད་དོན་བྱ་སྤྱོད་ལ་རྒྱུན་མཐུད་དམ་འཛིན་བྱས་ཏེ་རྒྱལ་མཚམསས་ནས་འགྲོ་འོང་གི་འགག་སྒོ་སྒྲོལ་བའི་ཐབས་ལམ་དང་འགག་སྒོ་དང་འབྲེལ་བའི་ས་ཆ་མིན་པའི་འགག་སྲུང་གཉིས་བརྟན་དུ་བཏང་སྟེ་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་ལས་དོན་གཏིང་ཟབ་ཕྱོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།