[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གངས་ལྗོངས་ས་མཐོར་ཞི་མཐུན་བརྟན་ལྷིང་གི་མེ་ཏོག་རབ་ཏུ་བཞད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    བརྟན་ལྷིང་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་། ཁྲིམས་སྐྱོང་ནི་བརྟན་ལྷིང་སྲུང་སྐྱོང་གི་རྩ་བའི་ཐབས་ལམ་དང་བྱེད་ཐབས་གལ་ཆེན་ཞིག་རེད། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ། གཞི་ནས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་དམངས་བདེ་སྐྱིད་ཁམས་བདེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་ཐུབ། ཞི་མཐུན་གྱི་ཁྲིམས་སྐྱོང་བསམ་གཞིག་སྤྱད་དེ་སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་དང་དེར་སྣེ་ཁྲིད་བྱས་ཚེ། གཞི་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་ཐུབ།

    དེང་གི་དུས་སུ། བོད་ཀྱི་མཐའ་མཚམས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་དུ“ལུག་ཡག་པོ་འཚོ། མཐའ་མཚམས་ཡག་པོ་སྲུང”ཞེས་པའི་སྐད་ཆ་འདི་འདྲ་ཞིག་དར་ཡོད། མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་སྲུང་བའི་རང་རྟོགས་ཀྱི་འདུ་ཤེས་དང་། ལས་འགན་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཡུན་རིང་བདེ་འཁོད། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྨང་གཞི་བརྟན་པོ་ཞིག་རེད།

    འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་རིང་། “གཞི་རིམ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང”དང“མཉམ་འགོག་མཉམ་བཅོས”“སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང”སོགས་གླེང་མང་བའི་ཐ་སྙད་དེ་དག་སྔར་བཞིན་འཐུས་མི་དང་ཨུ་ཡོན་ཚོའི་གྲོས་བསྡུར་ལ་མང་པོ་ཐོན་ཞིང་། ཚང་མས་ལོ་གཅིག་རིང་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོ་འཆང་བ། གཙོ་གནད་གཤམ་སྒྱུར་དང་འགན་འཁྲི་གཤམ་སྤྲོད་མཐའ་འཁྱོངས། འགལ་བ་དང་རྩོད་གཞི་སྣ་ཚོགས་དང་མངོན་མེད་རྐྱེན་ངན་མཉམ་འགོག་དང་ལྷག་དོན་དུ“འགྱངས་ཆད་གཉིས”ཀྱི་གནད་དོན་གྲལ་བཤེར་དང་སེལ་བར་ཤུགས་སྣོན་བཅས་བྱས་ཡོད། གཞི་རིམ་གྱི་ནུས་པ་འདོན་སྤེལ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། ཁྲིམས་སྐྱོང་དང་། རང་སྐྱོང་། ཚུལ་བཞིན་སྐྱོང་བ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་མཐའ་འཁྱོངས། ཏང་ཨུད་ཀྱི་འགོ་ཁྲིད་དང་། སྲིད་གཞུང་གི་འགན་འཁུར། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་མཉམ་སྒྲུབ། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད། གཞི་རིམ་སྲིད་དབང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ཆེད་དོན་ལས་ཁུངས་དང་། གཞི་རིམ་རྩ་འཛུགས། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ” མཉམ་འགོག་མཉམ་བཅོས་སོགས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། “ཧྥང་ཆའོ་ཡི་ཉམས་མྱོང”ལ་དཔེ་བལྟས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། དུས་བདེ་འཛུགས་སྐྱོང་ཟབ་ཏུ་གཏོང་བ། “བརྟན་ལྷིང་ཐད་རང་འགུལ་དུ་བསྒྱུར་བའི”མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་མངོན་གསལ་དོད་པོ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་སྲིད་གྲོས་སྤྱི་ཚོགས་ཁྲིམས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སུན་ཡུང་ཕིང་གིས“གཞི་རིམ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་ཕྱོགས་གལ་ཆེན་ཞིག་རེད། དམངས་ཁྲོད་ཀྱི་རྩོད་གཞི་སེལ་བ་དང་མང་ཚོགས་རང་སྐྱོང་མངོན་འགྱུར་ཇི་ལྟར་བྱེད་པའི་་འགན་འཁྲི་གཙང་སྒྲུབ་དང་ཐབས་འདོན་ཇུས་འགོད་དང་ཆབས་ཅིག་བསམ་གཞིག་ཀྱང་བྱས་ཡོད། དཔེར་ན། རང་ལྗོངས་ཀྱི་དོན་དངོས་ལས་དོན་སྤེལ་རིང་། མི་དམངས་འདུམ་འགྲིག་གི་ལས་དོན་ལ་ད་དུང་སྤྱི་ཚོགས་ཀྱི་སེམས་ཁུར་དང་། ཁས་ལེན། རྒྱབ་སྐྱོར་བཅས་བྱེད་ཤུགས་མི་འདང་བའི་གནས་ཚུལ་ལྷག་ཡོད། ཆེད་བསྐོས་ལས་འགན་འཁུར་མཁན་མི་དམངས་འདུམ་འགྲིག་པ་དཀོན་པ་དང་། གཞི་རིམ་དུ་མི་དམངས་འདུམ་འགྲིག་ལ་མཛུབ་ཁྲིད་བྱེད་མཁན་གྱི་སྟོབས་ཤུགས་ཞན་པ། མི་དམངས་འདུམ་འགྲིག་གི་ལས་སྒོའི་འཇོན་ཐང་ཞན་པ། ཁྲིམས་ལུགས་ཞབས་ཞུའི་ཤེས་ལྡན་མི་སྣ་དཀོན་པ་བཅས་ཀྱིས་ཁྲིམས་རྩོད་པ་མི་དམངས་འདུམ་འགྲིག་གི་ལས་དོན་ལ་ཞུགས་ཐབས་བྲལ་བ་དང་། ས་གནས་མི་དམངས་འདུམ་འགྲིག་གི་ཁྲིམས་སྐྱོང་འཛུགས་སྐྱོང་རྗེས་སུ་ལུས་པ་སོགས་ཀྱི་གནད་དོན་གནས་ཡོད། དེའི་ཐད་ང་ཚོས་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག གྲོས་གཞི་ཆགས་པར་བྱས་ཏེ་ཡང་དག་པའི་ངང་མི་དམངས་འདུམ་འགྲིག་གི་ལས་དོན་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྤྱིའི་འཆར་འགོད་ནང་འཇུག་དགོས་ཞེས་བཏོན་ཡོད། དེ་མཚུངས་ཀྱི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་ཨུ་ལྷན་བཙུགས་ནས་ཁྱབ་ཁྱོན་དེ་བས་ཆེ་བའི་ལྗོངས་ཡོངས་ཀྱི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ལས་དོན་གྱི་རྩ་འཛུགས་དྲ་རྒྱ་ཆགས་པར་བྱས་ཡོད། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཀའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ནང་སའི་ཉམས་མྱོང་དང་ཚོད་ལྟ་ཕྱོགས་གསུམ་པའི་མི་དམངས་འདུམ་འགྲིག་བྱ་ཐབས་སོགས་ལ་ཁྱབ་གདལ་གཏོང་བའི་བསམ་འཆར་ལ་གཞིགས་པས། མཐར་ཚང་མར་ལན་དང་སྒྲུབ་གཉེར་ཡག་པོ་བྱུང་ཡོད”ཅེས་བརྗོད་པ་རེད།

    སུན་ཡུང་ཕིང་གིས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་སླད་ཕྱིན་ངས་འབྲེལ་བ་བྱེད་རྒྱ་ཟབ་པ་དང་མང་ཚོགས་དང་ཉེ་བཅར་ཐུབ་པའི་ཨུ་ཡོན་གྱི་ལེགས་ཆ་འདོན་སྤེལ་ལ་དེ་བས་མཐོང་ཆེན་བྱས་ཏེ་ཉམས་ལེན་འབད་སྒྲུབ་ཀྱིས་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རང་འགན་གཙང་སྒྲུབ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།