[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་དཔྱིད་གསར་སྐྱེལ་འདྲེན་གྱི“དགུན་དུས་སུ་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ”སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    p14_s.jpg

    དང་བླངས་ཞབས་ཞུའི་ནུས་པ་ཧུར་ཐག་བཏོན་ནས་རྒྱ་ཆེའི་གཞོན་ནུ་དང་བླངས་པ་སྐུལ་སློང་བྱས་ཏེ་མི་དམངས་མང་ཚོགས་ལ་དཔྱིད་གསར་སྐྱེལ་འདྲེན་རིང་གི་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཞོན་ནུ་དང་བླངས་པ་65སྒྲིག་འཛུགས་བྱས་ཏེ་གྲོང་ནུབ་འགྲུལ་སྐྱེལ་ས་ཚིགས་དང་གྲོང་བྱང་འགྲུལ་སྐྱེལ་ས་ཚིགས་སུ“དང་བླངས་པའི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་ཀྱི་གདོང་ལེན་པ་བརྩོན་ལེན་བྱེད”བརྗོད་དོན་གཙོ་བོར་བྱེད་པའི་དང་བླངས་ཞབས་ཞུའི་དཔྱིད་གསར་སྐྱེལ་འདྲེན་གྱི“དགུན་དུས་སུ་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”སྤེལ་བ་དང་བྱེད་སྒོ་སྤེལ་ཡུན་ཟླ་ཕྱེད་ཙམ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “དགུན་དུས་སུ་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”ནི་སྡེ་ཚོགས་ཀྲུང་དབྱང་གིས་ཁྲིད་སྟོན་བྱས་ནས་སྤེལ་བའི་གཞོན་ནུ་དང་བླངས་པའི་བྱ་སྤྱོད་ཅིག་ཡིན་པ་དང་གཙོ་བོ་གནམ་ཐང་དང་། མེ་འཁོར་བབས་ཚུགས། རླངས་འཁོར་བབས་ཚུགས་སོགས་སུ་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་པའི་དགོས་མཁོར་གཞིགས་ཏེ་སྒྲིག་ལམ་ལ་སྲུང་སྐྱོང་དང་། བློ་འདྲི་ཁྲིད་སྟོན། དམངས་ཕན། གཙོ་གནད་འགྲུལ་པར་རོགས་སྐྱོར། འགྲིམ་འགྲུལ་བདེ་འཇགས་ཀྱི་ཁ་ཏ་སློབ་སྟོན། འཕྲལ་སྡོམ་རོགས་སྐྱོར་སོགས་ལ་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་གཅིག་སྡུད་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་དང་བླངས་པ་ཚོས་འགྲུལ་སྐྱེལ་ས་ཚིགས་ཀྱི་དོན་སྒོ་དང་། འཛུལ་སྒོ་རླངས་འཁོར་སྒུག་ཁང་སོགས་སུ་འགྲུལ་པར་ཁྲིད་སྟོན་དང་། བློ་འདྲི། འཕྲལ་སྡོམ་དམངས་ཕན་སོགས་ཀྱི་ཞབས་འདེགས་ཁུལ་ནས་ལས་བྲེལ་ཆེ་བའི་དཔྱིད་གསར་སྐྱེལ་འདྲེན་ལ་མཛེས་ལྗོངས་གཞན་ཞིག་བསྣན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།