[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཟླ་དང་པོ་ནས་བཅུ་པའི་བར་རང་ལྗོངས་ཀྱིས་ངལ་རྩོལ་པའི་གླ་ཆ་སྒོར་དུང་ཕྱུར་2ཙམ་ལེན་རོགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    liy9b1489.jpg

    2019ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་དེ“ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པ”ནས“གླ་ཆ་འགྱངས་ཆད་བྱ་རྒྱུ་རྩ་བ་ནས་མེད་པ་བཟོ་བའི”བར་གྱི་དམིགས་ཚད་གསར་པར་ཕྱོགས་རྒྱུར་སྟངས་འཛིན་ནན་པོ་བྱས་ནས། རྣམ་འགྱུར་དེ་བས་བརྟན་པ་དང་། འགན་འཁྲི་ཁུར་སེམས་དེ་བས་ཆེ་བ། སྙིང་སྟོབས་དེ་བས་ཆེ་བ། བྱ་ཐབས་དེ་བས་ནུས་ལྡན་བཅས་ཀྱི་ཐོག་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་མེད་པ་བཟོ་བའི་ལས་ཀའི་དམིགས་ཚད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་པ་ལས་མིའི་འགྱངས་ཆད་བྱས་པའི་གླ་ཆ་སྤྲོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད།

    འདི་ལོ་ཚུན་དུ། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་ལེགས་སུ་གཏོང་བ་དང་། རྒྱལ་སྟོན་གོང་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་མེད་པ་བཟོ་བ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་མེད་པ་བཟོ་བའི་དབྱར་དུས་ཀྱི་ཆེད་དོན་བྱ་སྤྱོད་སོགས་སྤེལ་ཏེ་སྲིད་གཞུང་གི་ལས་གྲྭའི་རྣམ་གྲངས་དང་འབྲེལ་བའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཡོད་པའི་ཚན་པ་250དམིགས་སུ་བཅོས་སྒྲིག་བྱས་ཏེ་རྩིས་ཐོ་རིམ་གྱིས་བསུབ་པ་རེད། ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱིས་མི་སྤྱོད་ཚན་པ་9472ལ་རང་འགུལ་ངང་ཞིབ་བཤེར་བྱས་ནས་ངལ་རྩོལ་གན་རྒྱ་ཁྲི་2.82གསབ་རོགས་བྱས་པ་དང་། གོང་ཞུ་ཐེར་འདོན་བྱས་པའི་གྱོད་གཞི་1279བདག་སྤྲོད་དང་ཐག་གཅོད་བྱས་པ། རིམ་རྩིས་ལྟར་ན་ངལ་རྩོལ་པའི་གླ་ཆ་སྒོར་དུང་ཕྱུར་1.89ཙམ་ལེན་རོགས་བྱས་པ་དང་། དེ་ངལ་རྩོལ་པ་9991དང་འབྲེལ་བ་ཡོད་པ་རེད།

    མིག་སྔའི་བར། རང་ལྗོངས་ཀྱིས་འདི་ལོ་ངལ་རྩོལ་འགན་ལེན་གྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལྡན་པའི་ཁེ་ལས་9སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་པ་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི“མིང་ཐོ་ནག་པོའི”ཁེ་ལས་8ཡོངས་བསྒྲགས་བྱས་པ། ལྗོངས་ནང་ཁུལ་གྱི་ཁེ་ལས་391ལ་ཡིད་རྟོན་རིམ་པའི་གདེང་འཇོག་བྱས་པ། ངལ་རྩོལ་ཐོབ་ཆ་རྩ་བ་ནས་མ་སྤྲད་པའི་གྱོད་གཞི་10ཁྲིམས་འཛིན་སྡེ་ཚན་ལ་རྩིས་སྤྲད་པ། རྐང་བཙུགས་ནས་གླ་ཆ་འགྱངས་ཆད་བྱས་པའི་ཁེ་ལས་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱས་པས་གླ་ཆ་འགྱངས་ཆད་བྱེད་མཁན་ལ་ཁྲིམས་ཆད་བཅད་ནས་ཟིལ་གྱིས་གནོན་པའི་ནུས་པ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཀྱིས་2018ལོའི་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་བརྙན་ལམ་ཚོགས་འདུ་འཚོགས་རྗེས། རང་ལྗོངས་ཀྱིས་གླ་ཆ་འགྱངས་ཆད་ཀྱི་འཕྲལ་བསྟུན་འཁོར་རྒྱུག་མ་དངུལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། འདི་ལོ་རང་ལྗོངས་ཀྱི་གླ་ཆ་སྤྲོད་པའི་འགན་ལེན་བྱ་ཐབས་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ལྗོངས་ཡོངས་སུ་ཞིང་པ་ལས་མིའི་གླ་ཆའི་ཁག་ཐེག་དངུལ་འཇལ་མཁན་ཁྱོན་ཁེ་ལས་2208ཡོད་པ་དང་། བཅོལ་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་ཟིན་ཞིང་གླ་ཆ་འགྱངས་ཆད་ཀྱི་འཕྲལ་བསྟུན་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར་6.2བཙུགས་ཡོད་པས་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྒྲོག་བྱང་སྤྱིའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ཡོད། ཞིང་པ་ལས་མིའི་གླ་ཆའི་ཆེད་དོན་རྩིས་ཁྲ་493བཙུགས་ནས་གླ་ཆའི་གཱ་ཁྲི་3.28སྤྲད་པ་དང་། དངུལ་སྒོར་དུང་ཕྱུར་5.43ཚབ་སྤྲོད་བྱས་པས་གླ་ཆ་འགྱངས་ཆད་འབྱུང་རྩ་ནས་མེད་པ་བཟོས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།