[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • 《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་རྐང་འཁོར་དོ་དམ་བྱ་ཐབས》ཟླ་12ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།

    གློག་སྒུལ་རྐང་འཁོར་ཉོ་སྐབས་C3གྱི་བདེན་དཔང་ར་སྤྲོད་ཡོད་མེད་ལ་ལྟ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    འདི་ལོའི་ཟླ་4ཚེས་15ཉིན་ནས་བཟུང་། རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་སྟེ། 《གློག་སྒུལ་རྐང་འཁོར་གི་བདེ་འཇགས་ལག་རྩལ་ཚད་གཞི》ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་རེད། རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་འོག རྒྱལ་ཡོངས་ཀྱི་གྲོང་ཁྱེར་མི་ཉུང་བ་ཞིག་གིས་ས་གནས་ཀྱི་ཁྲིམས་སྲོལ་འཛུཌ་པའི་བྱེད་ཐབས་ཐོག་ནས་གློག་སྒུལ་རྐང་འཁོར་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་རྐང་འཁོར་དོ་དམ་བྱ་ཐབས》འདི་ལོའི་ཟླ་12ཚེས་1ཉིན་ལག་ལེན་བསྟར་བ་རེད། 《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་རྐང་འཁོར་དོ་དམ་བྱ་ཐབས》ལག་བསྟར་མ་བྱས་གོང་ལ་ཉོས་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའི་གློག་སྒུལ་རྐང་འཁོར་ལ། བར་བརྒལ་དུས་ཀྱི་དོ་དམ་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པས། གློག་སྒུལ་རྐང་འཁོར་ཡོད་མཁན་ཚང་མས་ལག་ལེན་བསྟར་བའི་ཉིན་ནས་བརྩིས་པའི་ཉིན་དགུ་བཅུའི་ནང་ཚུན་དུ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་བསྐྱོད་ནས། གནས་སྐབས་ཀྱི་འཁོར་རྟགས་དང་གློག་སྒུལ་རྐང་འཁོར་གཏོང་ཆོག་པའི་ལག་ཁྱེར་རེ་ཞུ་བྱེད་དགོས། གནས་སྐབས་འཁོར་རྟགས་རེ་ཞུ་མ་བྱས་པའམ་བར་བརྒལ་དུས་ཚོད་ཡོལ་རྗེས་གློག་སྒུལ་རྐང་འཁོར་རང་དགར་ལམ་དུ་བསྐྱོད་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་རེད།

    དེར་བརྟེན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་བདེན་དཔང་ར་སྤྲོད་མེད་པ་དང་། རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དང་མི་མཐུན་པའི་གློག་སྒྲུལ་རྐང་འཁོར་ཉོ་རྒྱུ་མེད་པའི་དྲན་སྐུལ་བྱས་པ་མ་ཟད། གློག་སྒུལ་རྐང་འཁོར་འཚོང་མཁན་ཚོང་པ་ཚོར་ཚད་གཞི་རྙིང་པའི་གློག་སྒུལ་རྐང་འཁོར་ཐོན་སྐྱེད་དང་ཚོང་མི་ཆོག་པའི་དྲན་སྐུལ་བྱས་ཡོད།

    འཛད་སྤྱོད་པས་C3བདེན་དཔང་ར་སྤྲོད་ཡོད་པའི་གློག་སྒུལ་རྐང་འཁོར་ཉོ་དགོས། “CCC”ནི“ཀྲུང་གོའི་བཙན་ཤེད་རང་བཞིན་གྱི་བདེན་དཔང”རེད། རྒྱ་ཆེའི་འཛད་སྤྱོད་པས་དབྱེ་འབྱེད་དེ་བས་ལེགས་པ་ཐུབ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་མི་སྣས་C3བདེན་དཔང་ར་སྤྲོད་ཡོད་པའི་གློག་སྒུལ་རྐང་འཁོར་དབྱེ་འབྱེད་བྱེད་ཐབས་ངོ་སྤྲོད་བྱས་པ་རེད།

    གཞན་ཡང་། རྒྱ་ཆེའི་འཛད་སྤྱོད་པས་གློག་སྒུལ་རྐང་འཁོར་གྱི་ཨང་གྲངས་ལ་ལྟ་ཆོག ཨང་གྲངས་དེ་ནི་རྫུས་མ་བཟོ་ཐབས་མེད་པའི་CCCམཚོན་རྟགས་བྱེ་བྲག་ཅིག་རེད། བཙན་ཤེད་རང་བཞིན་གྱི་ཐོན་རྫས་བདེན་དཔང་མཚོན་རྟགས་རེ་ལ་ཨང་སྒྲིག་མི་འདྲ་བ་རེ་ཡོད་ཅིང་། བདེན་དཔང་མཚོན་རྟགས་སྤྲོད་མཁན་དོ་དམ་ལྟེ་གནས་ཀྱིས་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཀྱི་བདེན་དཔང་མཚོན་རྟགས་སྤྲོད་སྐབས། ཨང་སྒྲིག་དེ་ཡོད་པའི་ཐོན་རྫས་གློག་ཀླད་ཀྱི་གྲངས་གཞིའི་མཛོད་ནང་བླུགས་ཟིན་པ་དང་འཛད་སྤྱོད་པས་རྒྱལ་ཁབ་བདེན་དཔང་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས(www.cnca.gou.cn)ནས་རྫུས་མ་ཡིན་མིན་ལྟ་ཆོག

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་12315ཡིས་རྒྱ་ཆེའི་འཛད་སྤྱོད་པར་གློག་སྒུལ་རྐང་འཁོར་ཉོ་སྐབས། ཚོང་པའི་འོས་བབ་ཐོབ་ཐང་དང་དེ་བཞིན་ཐོན་རྫས་ཀྱི་སྤུས་ཚད་ལ་ཤེས་རྟོགས་དང་ལག་ཁྱེར་ཚང་བའི་ཚོང་ཁང་ནས་ཉོ་དགོས་པ་དང་། ཚད་ལྡན་ལག་ཁྱེར་ཡོད་པ་དང་བདེན་དཔང་བྱས་པའི་གློག་སྒུལ་ཉོ་དགོས་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་གློག་སྒུལ་རྐང་འཁོར་གྱི་ཁྱད་ཆོས་དང་བསྡུར་ཏེ། ཚད་དང་མཐུན་པའི་ཚོང་ཟོག་ཉོས་ནས་གློག་སྒུལ་རྐང་འཁོར་ཐོ་འགོད་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས། འབྲེལ་ཡོད་དཔང་ཡིག་དང་འཛིན་ཤོག་ཡག་པོ་ཉར་ནས་ཁེ་དབང་སྲུང་སྐྱོང་བྱེད་སྐབས་བཏོན་རྒྱུ་ཡོད་པ་བྱེད་དགོས། རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དང་མི་མཐུན་པ་དང་བདེན་དཔང་ར་སྤྲོད་མེད་པའི་གློག་སྒུལ་རྐང་འཁོར་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། འཛད་སྤྱོད་པས་12315དང་12345ལ་ཁ་པར་བརྒྱབ་ནས་ཞུ་གཏུག་རྒྱག་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།