[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

     ཉེ་ཆར། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ལྷ་ས་བབས་ཚུགས་མངགས་གཏོང་ཁང་གི་ཏང་ཀྲི་པུའི་ཏང་ཡོན་མི་དམངས་ཉེན་རྟོག་པ་ཁོངས་གཏོགས་ཁུལ་གྱི་བདེ་གཡང་གྲོང་ཚོར་བསྐྱོད་དེ་ལོ་70ལ་སླེབས་པའི་མི་ཧྲེང་རྒན་རྒོན་ཚེ་རིང་དཔལ་ལྡན་ལ་འཚམས་འདྲི་བྱས་པ་མ་ཟད། ཁོང་ལ་འཚོ་བའི་མཁོ་ཆས་ཀྱང་སྤྲད་པས་རྒན་རྒོན་ལ་སེམས་འགུལ་ཆེན་པོ་ཐེབས་ནས“ཏང་དང་། སྲིད་གཞུང་། ཁྱེད་ཚོ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད། རྒན་རྒོན་དང་ཁ་འབྲལ་སྐབས། ལྷ་ས་བབས་ཚུགས་མངགས་གཏོང་ཁང་གི་ཏང་ཡོན་ཉེན་རྟོག་པས་རྒན་རྒོན་ལ་འབྲེལ་གཏུག་གཱ་སྤྲད་ནས་བདེ་གཡང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བགྲེས་སོང་ལ་ཡུན་རིང་རོགས་པ་བྱ་རྒྱུ་ཡིན་ཞེས་བཤད།

    ད་ཐེངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་བརྒྱུད་ལྕགས་ལམ་སྤྱི་བདེ་ཉེན་རྟོག་པ་དང་ཁོངས་གཏོགས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་སྔར་བས་དམ་དུ་དང་རྒྱ་བོད་མི་རིགས་ཁག་གི་མཐུན་སྒྲིལ་སྔར་བས་ཟབ་ཏུ་ཕྱིན་ཁར། དཀའ་ངལ་ཡོད་པའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།