[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཉེ་དུས། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས“བཅོས་སྒྲིག་ལ་དམ་འཛིན་དང་། སྐྱོན་ཆ་གཙང་སེལ། སྤྱོད་ཚུལ་ལེགས་སུ་གཏོང་བ། མི་དམངས་ཀྱི་ཆེད་དུ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་དང་དག་ཐེར་དོན་འཁྱོལ་གཏིང་ཟབ་གཏོང་བ་དང་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིའི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ཏང་གི་ཉིན་མོའི་བྱེད་སྒོའི་ནང་གསེར་ཆུ་གློག་ཁང་ཏང་ཀྲི་པུའུ་ཡིས་ཉེ་འཁོར་གྲོང་ཚོར་གློག་བདེ་འཇགས་ངང་སྤྱོད་པའི་ཏང་ཡོན་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་སྤེལ་ནས་དགུན་དུས་ཞིང་འབྲོག་པར་བདེ་འཇགས་ངང་གློག་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།